ཅེཀ་སྲིད་བློན་གཞོན་པས་བོད་ཀྱི་ཛ་དྲག་གནས་སྟངས་ཐད་ཐུཌ་འཚབ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་རྫ་དྲག་གནས་སྟངས་ཐོག་ནན་བརྗོད་གནང་བ།

2012.03.02

༄༅༎ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པས་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་ཞི་འཇམ་མེད་པར་མུ་མཐུད་ཛ་དྲག་ཐོག་གནས་ཡོད་པའི་ནན་བརྗོད་གནང་ཡོད་པ་རེད།
ཁོང་ནི་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་སྲིད་བློན་གཞོན་པའི་མཛད་འཁུར་གཅིག་ལྕོགས་བཞེས་བཞིན་ཡོད་པ་དང༌། ཕྱི་ཟླ་གཉིས་པའི་ཚེས་༢༩ རེས་གཟའ་ལྷག་པའི་ཉིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་བཅུ་དགུ་པའི་ཐོག་ཁོང་གིས་བྲིས་གནང་བའི་བསྒྲགས་གཏམ་དེ་སྒྲོག་སྦྱང་གནང་བའི་ནང་དམིགས་བསལ་བོད་ཀྱི་གནད་དོན་གླེང་སློང་གནང་ཡོད་ཅིང༌། དེ་ཡང་ཁོང་གིས་བོད་ནང་ཞི་འཇམ་མེད་པར་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པ་བཞིན། མུ་མཐུད་ནས་ཛ་དྲག་ཡོད་པ་ནི་བོད་ནང་དུ་རང་ལུས་མེ་བསྲེག་བཏང་མཁན་དེ་དག་གིས་ར་སྤྲོད་བྱེད་པ་དང་ང་ཚོའི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་ནས་རྒྱལ་སྤྱིའི་ཐོག་གླེང་སློང་བྱ་རྒྱུ་ཡིན་ཞེས་དང༌། ན་ནིང་༢༠༡༡ ལོར་བོད་མི་༢༢ གྱིས་རང་ལུས་མེ་བསྲེག་བཏང་བའི་ཐབས་ལམ་དེའི་ཐོག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ལ་དོ་སྣང་བྱེད་དགོས་པ་བཟོས་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་ད་བར་དུ་བོད་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་མཁན་བོད་མི་ཚོ་ཡང་གླེང་སློང་གནང་སྟེ། ༢༠༠༩ ནས་བཟུང་བོད་མི་༢༣ གྱིས་རང་ལུས་མེ་བསྲེག་བཏང་བ་དང༌། དེའི་ནང་ནས་བོད་མི་བཅུས་༢༠༡༢ ཕྱི་ཟླ་དང་པོ་བར་རང་ལུས་མེ་བསྲེག་བཏང་ཡོད་ཅིང༌། ད་བར་དུ་རང་ལུས་མེ་བསྲེག་བཏང་བའི་བོད་མི་ཁྲོད་ནས་༡༥ རྐྱེན་ལམ་དུ་ཕྱིན་ཡོད། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་མཚོན་དོན་དང་ཁོང་ཚོར་རེ་བའི་སྐྲུན་ཐབས་ཀྱི་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་དཔོན་རིགས་ལའང་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་ཐོག་ལ་ཁྲིམས་མཐུན་དང་བཟང་ཕྱོགས་ཀྱི་ཐབས་ལམ་ཐོག་ནས་དཀའ་ངལ་སེལ་ཐབས་བྱ་དགོས་པའི་ཐད་ཀར་འབོད་སྐུལ་གནང་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་ཉི་ཤུ་ལྷག་ལྷན་འཛོམས་གནང་བ་ཞིག་ཡིན་པ་དང༌། ལྷན་ཚོགས་དེ་ཕྱི་ཟླ་གཉིས་པའི་ཚེས་༢༧ འགོ་བཙུགས་ཏེ་ཕྱི་ཟླ་གསུམ་པའི་ཚེས་༢༣ བར་ཟླ་བ་གཅིག་ཙམ་སྐོང་ཚོགས་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎