༧གོང་ས་མཆོག་སེམས་དང་སྲོག་གི་ལྷན་ཚོགས་ལ་དབུ་བཞུགས།

བོད་མིའི་དབུ་ཁྲིད་༧་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༥ པར་དབུ་བཞུགས་གནང་ནས་བགྲོ་གླེང་གནང་ཡོད་འདུག

2012.10.22

ཐེངས་འདིའི་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི། སྒོམ་སྒྲུབ་ཉམས་ལེན་དང་ལུས་པོའི་འཕྲོད་བསྟེན་དབར་གྱི་འབྲེལ་བ་གཞིར་བཞག་ཐོག་ཚན་རིག་པའི་ཚོད་བལྟ་ཁང་གི་ནང་དཔྱད་པ་བྱས་པའི་མཐར་གྲུབ་འབྲས་ཇི་བྱུང་དང་། མི་ཚེའི་ནང་དངོས་སུ་ཉམས་མྱོང་གང་བྱུང་བའི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག། ཕྱི་ཚེས་༢༠་ཉིན་སེམས་དང་སྲོག་ཀྱི་བགྲོ་གླེང་ལྷན་ཚོགས་དེ་བཞིན་རོཀ་ཕེ་ལར་གཙུག་ལག་སློབ་གྲྭའི་ (Rockefeller University) ཀ་སི་པ་རེའི་ཚོགས་ཁང་དུ་ཚོགས་ཡོད་པ་དང་། གཙུག་ལག་སློབ་གྲྭ་འདི་ནི་སྐྱེ་ལྡན་སྨན་ལུགས་དང། དངོས་ཁམས་ཚན་རིག་ཐོག་ཉམས་ཞིབ་བྱ་ཡུལ་འཛམ་གླིང་ནང་སྙན་གྲགས་ཡོད་པ་ཞིག་ཡིན་པ་རེད།

དེ་ཉིན་སྔ་དྲོའི་ཚོགས་ཐུན་དང་པོར་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ་ཚོགས་ཁང་ནང་ཡོད་པའི་ཆོས་གྲོགས་རྙིང་པ་རྣམས་ལ་འཚམས་འདྲི་ཞུས་གནང་བཞག།

གཞན་ཡང་ལྕམ་སྐུ་Anne Harrington ལགས་ཀྱིས་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་  ནད་པ་འཆི་ཁར་ཡོད་པ་རྣམས་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་མིན་བཀའ་འདྲི་ཞུས་པར་   ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ འཆི་བ་ནི་མི་ཚེའི་ཆ་ཤས་ཤིག་ཡིན། སྐྱེ་བའི་མཐའ་མ་འཆི་རྒྱུ་ཡིན། དེར་བརྟེན་ང་ཚོས་ཆེད་མངགས་འཆི་བའི་སྐོར་བསམ་བློ་གཏོང་ཐུབ་པ་ཡིན་ན། རང་ཉིད་འཆི་ཁར་དེ་ཙམ་དངངས་སྐྲག་ཡོང་གི་མ་རེད། ངོས་ཀྱིས་ཉིན་རེའི་ཉམས་ལེན་ནང་འཆི་བ་དང་བར་དོ། སྐྱེ་བ་སོགས་ལ་ཐེངས་འགའ་ཤས་བསམ་བློ་གཏོང་བཞིན་ཡོད། འཆི་བ་ལ་གོམས་འདྲིས་བསྟེན་རྒྱུ་གལ་ཆེན་པོ་ཡིན། ཕྱོགས་མཚུངས་རང་ཉིད་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་ལན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎