༧གོང་ས་མཆོག་གིས་ལྡི་ལིའི་བུད་མེད་མཐོ་སློབ་ཁང་དུ་བཀའ་སློབ།


2017.02.07
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཀྱི་ཁྱབ་ཁོངས་Jesus and St. Mary་བེུད་མཐོ་སློབ་ཁང་དུ་བཀའ་སློབ་གནང་བཞིན་པ། ༢༠༡༧།༢།༧ ༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཀྱི་ཁྱབ་ཁོངས་Jesus and St. Mary་བེུད་མཐོ་སློབ་ཁང་དུ་བཀའ་སློབ་གནང་བཞིན་པ། ༢༠༡༧།༢།༧
OHHDL

༧གོང་ས་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་ཞི་བདེའི་དུས་རབས་ཞིག་བཟོ་རྒྱུའི་འོས་འགན་གཞོན་སྐྱེས་ཚོར་ཡོད་པ་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཀྱི་ཁྱབ་ཁོངས་Jesus and St. Mary་བེུད་མཐོ་སློབ་ཁང་བཙུགས་ཏེ་དུས་སང་ལོ་བརྒྱ་འཁོར་བའི་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༧་ཉིན་མཐོ་སློབ་ཁང་དེར་བཀའ་སློབ་གསུང་བཤད་སྩལ་གནང་མཛད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གསུངས་པར་གཞིགས་ན། ཚོགས་ཁང་ཡོངས་རྫོགས་ཁེངས་པའི་བེུད་སློབ་ཕྲུག་དང་མཐོ་སློབ་ཁང་དེའི་དགེ་ལས་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་འདས་པའི་དུས་རབས་ཉི་ཤུ་ཐམ་པའི་དུས་ཟིང་ཀྱི་དུས་རབས་ལྟ་བུ་མ་ཡིན་པར་ཞི་བདེའི་དུས་རབས་ཞིག་བཟོ་རྒྱུའི་འོས་འགན་གཞོན་སྐྱེས་ཚོར་ཡོད་པ་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག
Jesus and St. Mary་ཅེས་པའི་མཐོ་སློབ་ཁང་འདི་ནི་ལྡི་ལིའི་ནང་གི་བེུད་ཀྱི་མཐོ་སློབ་ཁང་གྲགས་ཅན་ཞིག་ཡིན་པའི་ཁར་དེའི་ནང་བོད་པའི་བེུད་སློབ་ཕྲུག་སློབ་སྦྱོང་བྱེད་མཁན་ཡང་ཡོད་འདུག
མཐོ་སློབ་ཁང་དེའི་ནང་ཆིབས་བསྒྱུར་མ་གནང་གོང་ཕེབས་ལམ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཧ་ཅང་ཆེན་པོ་ཡོད་པ་དེང་སྐབས་བསྙུན་མནར་ཆེན་པོ་ཡོད་པ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་George Fernandez་གྱི་གཟིམ་ཁང་དུ་ཁོང་ལ་ཐུགས་ཞིབ་ཆེད་ཆིབས་བསྒྱུར་གནང་འདུག་ལ། ཕྱི་ཚེས་༦་ཉིན་བསྙུན་མནར་འོག་ཡོད་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ། སྐུ་ཞབས་ཨ་ཏལ་བི་ཧ་རི་ཝཇ་པ་ཡི་མཆོག་ལ་ཡང་ཐུགས་ཞིབ་ཆེད་ཆིབས་བསྒྱུར་བསྐྱངས་འདུག
ཚེས་༨་ཉིན་སྔ་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Vivekanandi་རྒྱལ་སྤྱིའི་ཐེབས་རྩ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མཁས་དབང་དང་ཆེས་ལས་མི་སྣ་ཁག་གཅིག་ལ་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། འདི་ནི་ཐེངས་འདིའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མང་ཚོགས་ཀྱི་མཛད་འཆར་མཐའ་མ་དེ་ཡིན་པ་དང་། ཕྱི་ཚེས་༨་ཉིན་ལྡི་ལི་ནས་ Andhara Pradesh་ཕྱོགས་སུ་ཆིབས་ཐོན་མཛད་རྒྱུ་ཡིན་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎