༧གོང་ས་མཆོག་ཨམ་ར་ཝ་ཏིར་ཞབས་སོར་འཁོད་འདུག


2017.02.09
༧གོང་ས་མཆོག་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོར་འཁོད་སྐབས། ༢༠༡༧།༢།༩ ༧གོང་ས་མཆོག་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོར་འཁོད་སྐབས། ༢༠༡༧།༢།༩
OHHDL

གནས་མཆོག་Amaravatiའམ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་སླར་ཡང་ཆིབས་བསྒྱུར་འཁོད་གནང་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་༧གོང་ས་མཆོག་གིས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༢ ཚེས་༩ཉིན་རྒྱ་གར་གྱི་Andhra Pradesh་མངའ་སྡེའི་རྒྱལ་སའི་ས་ཁུལAmaravati གྲོང་ཁྱེར་རུ་ཞབས་སོར་འཁོད་གནང་མཛད་ཅིང་།  ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་ཡུལ་ཐོག་མ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༠༦ ལོར་གནས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་མཛད་ཡོད་པ་རེད།
རེས་གཟའ་ཕུར་བུའི་ཉིན་༧གོང་ས་མཆོག་Andhra Pradesh་མངའ་སྡེའི་ནང་ཞབས་སོར་འཁོད་སྐབས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་Kodela Sivaprasada Rao་དང་། བློན་ཆེན་PR Reddyདང་D Umamaheshwara་བཅས་ཀྱིས་Vijayawada གནམ་ཐང་དུ་༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་རེད།
Andhra Pradesh་མངའ་སྡེའི་ནང་༧གོང་ས་མཆོག་གི་ཉིན་གཉིས་ཀྱི་མཛད་འཆར་གཙོ་བོ་ཞིག་ནི་རེས་གཟའ་པ་སངས་ཉིན་མངའ་སྡེའི་གྲོས་ཚོགས་ཀྱི་གོ་སྒྲིག་འོག་Vijayawada གྲོང་ཁྱེར་ཉེ་འཁྲིས་སུ་ཚོགས་རྒྱུའི་རྒྱ་གར་རྒྱལ་ཡོངས་བེུད་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་རྒྱུ་དེ་ཡིན་འདུག།
རེས་གཟའ་ཕུར་བུའི་ཉིན་༧གོང་ས་མཆོག་Amrawatiགྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་རྗེས་གནའ་རབས་ཀྱི་ལོ་རྒྱུས་ལྡན་པའི་Amravati་གྲོང་སྡེ་རྙིང་པར་གནས་གཟིགས་དང་འབྲེལ་ཞལ་འདོན་གསུངས་གནང་དང་ཐུགས་སྨོན་མཛད་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་གཞུང་ནས་Amarawati་གྲོང་ཁྱེར་འདི་མངའ་སྡེའི་རྒྱལ་ས་གསར་པར་གཏན་འབེབས་གནང་བར་དགའ་བསུ་ཞུ་འོས་པ་ཞིག་དང་། ཕྱོགས་གང་ཐད་ནས་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་པ་གསུངས་གནང་འདུག
Amarawati་ཁུལ་གྱི་མཛད་འཆར་ཁག་གྲུབ་མཚམས་ཚེས༡༢ཉིན། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ Telanganaམངའ་སྡེའི་རྒྱལ་ས་Hydrabad་གྲོང་ཁྱེར་དུ་ཆིབས་བསྒྱུར་གྱིས་དེ་ཁུལ་ཨ་རིའི་MITགཙུག་ལག་སློབ་གཉེར་ཁང་གིས། ༧གོང་ས་མཆོག་གི་མཚན་ཐོག་ནས་ཆེད་འཛུགས་གནང་པའི་ཏཱ་ལའི་བླ་མའི་ཚུལ་སྤྱོད་དང་བཟང་པོའི་རིན་ཐང་ལྟེ་གནས་ཞེས་པ་དེའི་ལྷོ་ཨེ་ཤི་ཡའི་ནང་གི་ཡན་ལག་ལྟེ་གནས་ཁང་དེ་དབུ་འབྱེད་མཛད་རྒྱུ་ཡིན་ཞིང་། ལྟེ་གནས་ཁང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་Andhra Pradesh་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་K Chadrashekar Rao་དང་། འཕྲུལ་རིག་བློན་ཆེན་KT Rama Rao་གཙོས་པའི་མངའ་སྡེའི་ཆེས་མཐོའི་མཛད་གཙོ་རྣམ་པ་ཁག་ལྷན་བཅར་ཞུ་རྒྱུ་ཡིན་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎