༸གོང་ས་མཆོག་གིས་ཐའེ་ཝན་གྱི་རྒྱ་རིགས་ཚན་རིག་པ་ཁག་གཅིག་ལ་མཇལ་ཁ་སྩལ་བ།

2023.09.04
༸གོང་ས་མཆོག་གིས་ཐའེ་ཝན་གྱི་རྒྱ་རིགས་ཚན་རིག་པ་ཁག་གཅིག་ལ་མཇལ་ཁ་སྩལ་བ། ༸གོང་ས་མཆོག་གིས་ཐའེ་ཝན་གྱི་རྒྱ་རིགས་ཚན་རིག་པ་ཚོར་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༠༩།༠༤ ཉིན།
OHHDL

འདི་ཚེས་ ༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚན་རིག་པ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས། ངོས་རང་ཆུང་དུས་ནས་ཚན་རིག་ལ་དོ་སྣང་ཏོག་ཙམ་ཡོད། ཅེས་དང་། ངོས་ནས་མའོ་ཙེ་ཏུང་ཐུག་པའི་སྐབས། ངོས་རང་ཚན་རིག་ལ་དགའ་པོ་ཡོད་ཅེས་ཞུས་པས། ཁོང་གིས་ཡག་པོ་ཞེ་དྲག་རེད་ཅེས་གསུངས་པ་དང་སྦྲགས། མཇུག་ཏུ་ཁོང་གིས་ཆེས་ཟེར་བ་དེ་རྨོངས་དད་རེད་ཅེས་གསུངས་པའི་སྐོར་བཀའ་སྩལ་བ། 

ཡང་༸གོང་ས་མཆོག་གིས་མུ་མཐུད་བཀའ་སྩལ་བའི་ནང་། ངོས་རང་བཙན་བྱོལ་དུ་འབྱོར་རྗེས། ཚན་རིག་པ་མང་དག་ཅིག་དང་ལྷན་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་། ཞེས་དང་། ཚན་རིག་པ་ཚོས་ཀྱང་སེམས་ཁམས་རིག་པའི་སྐོར་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་ལྟར། ངོས་དང་ཐུག་ནས་གོ་བསྡུར་བྱ་རྒྱུར་དགའ་མོས་ཆེན་པོ་གནང་གི་འདུག་ཅེས་བཀའ་སྩལ་བ། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གྲུབ་རྗེས། ཚན་རིག་པ་དེ་དག་གིས་མགོན་པོ་གང་ཉིད་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་ཡོད་པ་རེད་འདུག
འདི་ཚེས་ ༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལྷོ་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་སྔ་ལོའི་འཕྲོས་ནས་བཀའ་ཁྲིད་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎