༧གོང་ས་མཆོག་ཕྱིར་བཞུགས་སྒར་ཕོ་བྲང་ལ་ཞབས་སོར་འཁོད་འདུག


2017.03.21
༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་Mathuraནས་ཕེབས་ཐོན་གནང་བཞིན་པ། ༢༠༡༧།༣།༢༡ ༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་Mathuraནས་ཕེབས་ཐོན་གནང་བཞིན་པ། ༢༠༡༧།༣།༢༡
OHHDL

༧གོང་ས་མཆོག་གིས་རྒྱ་གར་ནང་མཛད་འཕྲིན་རྒྱ་ཆེར་བསྐྱངས་ནས་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་འདུག
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་Bihar དང་། Madhya Pradesh མངའ་ཁུལ་དུ་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་། དེ་བཞིན་གནས་གཟིགས་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ ༢༡་ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཟླའི་ཚེས་ ༡༧ ཉིན་རྒྱ་གར་གྱི་Bihar མངའ་སྡེའི་དཔལ་ན་ལེནྡྲའི་རྫོང་དུ་རྟེན་གཞི་བྱེད་པའི་བྱ་རྒོད་ཕུང་པོ་རི་གནས་ས་ཆགས་པའི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་དང་བཀའ་སློབ་བསྩལ་བ་དང་། ཕྱི་ཚེས་ ༡༨ ཉིན་ན་ལེནྡྲ་གཙུག་ལག་ཁང་གསར་པའི་དགེ་ལས་སློབ་མ་གྲངས་༡༠༠ སྐོར་ལྷག་ལ་བཀའ་སློབ་དང་། གཙུག་ལག་ཁང་དེའི་ནང་དུ་ནང་པའི་ཚན་རིག་སློབ་ཁྲིད་ཀྱི་སྡེ་ཚན་གསར་པ་ཞིག་དབུ་འབྱེད་སོགས་ཀྱི་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་རེད།  དེ་ཉིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་མགོན་དུ་དབུ་བཞུགས་མཛད་ཅིང་། དུས་རབས་ ༢༡ པའི་ནང་། ནང་ཆོས་ཀྱི་སྐབས་དོན་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་ཐེག་པ་ཆེ་ཆུང་གི་བླ་ཆེན་དང་མཁན་པོ། སློབ་དཔོན་དང་མཁས་དབང་སོགས་དང་ལྷན་བགྲོ་གླེང་མཛད་ཡོད་པ་རེད།
སྦི་ཧར་Bihar ཁུལ་གྱི་མཛད་འཆར་གྲུབ་མཚམས་ཕྱི་ཚེས་ ༡༩ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ Madhya Pradesh མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Raj Singh Chauhan མཆོག་དང་མཇལ་འཕྲད་ཀྱིས་ཁུལ་དེའི་Narmada གཙང་ཆུ་སྲུང་སྐྱོབ་ཀྱི་གོམ་བགྲོད་ལས་འགུལ་ Narmade-Sewa Yatra ཞེས་པའི་ཚོགས་མགོན་དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ་ཞིང་། ཕྱེད་ཡོལ་Madhya Pradesh མངའ་སྡེའི་རྒྱལ་ས་Bhopal དུ། མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་གྲོས་ཚོགས་འཐུས་མི་རྣམ་པ།  གཞན་ཡང་གཞུང་ཞབས་ལས་བྱེད་སོགས་ལ་བདེ་སྐྱིད་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་པ་དང་།  ཕྱི་ཚེས་ ༢༠ ཉིན་གྲོང་ཁྱེར་ Mathura ཞེས་ཧིན་རྡུའི་རྩ་ཆེན་གནས་སར་ཧིན་རྡུའི་ཆོས་ལུགས་ཀྱི་བླ་ཆེན་ཁག་དང་མཇལ་མོལ་དང་ཉིན་གུང་ལྗགས་སྨིན་ལྷན་བཞེས།  གཞན་ཡང་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་པ་སོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱངས་ཡོད་པ་རེད།  རིང་མིན་ཕྱི་ཟླ་བཞི་པའི་ཟླ་འགོར་རྒྱ་གར་གྱི་མངའ་སྡེ་Assam དང་ཨ་རུ་ན་ཅལ་བཅས་སུ་ཆིབས་བསྒྱུར་ཞབས་སོར་གནང་འཆར་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎