༧གོང་ས་མཆོག་གིས་མཇར་མན་གྱི་སྲིད་བློན་མཆོག་ལ་འཚམས་འཕྲིན་བསྩལ་འདུག


2017.09.26
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འཇར་མན་གྱི་སྲིད་བློན་ལྕམ་ཨན་གེ་ལ་མར་ཀེལ་(Angela Merkel)མཇལ་འཕྲད་སྐབས། ༢༠༠༧ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འཇར་མན་གྱི་སྲིད་བློན་ལྕམ་ཨན་གེ་ལ་མར་ཀེལ་(Angela Merkel)མཇལ་འཕྲད་སྐབས། ༢༠༠༧
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་གྱི་འོས་བསྡུའི་ཁྲོད་སླར་ཡང་འོས་འདེམས་ནང་རྒྱལ་ཁ་ཐོབ་པའི་སྲིད་བློན་ལས་ཐོག་ལྕམ་ཨན་གེ་ལ་མར་ཀེལ་(Angela Merkel)མཆོག་གི་མཚན་ཐོག་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་ཞིག་བསྩལ་གནང་མཛད་འདུག
དེ་ཡང་ལྕམ་ཨན་གེ་ལ་མར་ཀེལ་(Angela Merkel)་མཆོག་གིས་སྣེ་ཁྲིད་པའི་སྲིད་དོན་ཚོགས་པར་གཟའ་ཉི་མའི་ཉིན་གཉེར་བའི་འཇར་མན་གྱི་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་ཅིང་། ༧གོང་ས་མཆོག་གིས་བསྩལ་གནང་བའི་འཚམས་འཕྲིན་དེའི་ནང་། གྲུབ་འབྲས་དེ་ནི་ཁྱེད་ཀྱི་རྩ་འཛིན་ལྟ་གྲུབ་ཐོག་ལངས་ཕྱོགས་དང་། ཕུགས་རྒྱང་རིང་པོའི་རྣམ་དཔྱོད། དེ་བཞིན་མི་དམངས་ཀྱི་མངོན་འདོད་བསྐོང་རྒྱུའི་ཆོད་སེམས་ལ་ངོས་འཛིན་ཐོབ་པ་ཞིག་རེད་ཅེས་དང་། ༧གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་མུ་འཐུད་ནས། སྐུ་ཉིད་ཀྱིས་སྣེ་ཁྲིད་གཙོ་བོ་གནང་སྟེ་ཡོ་རོབ་མཐུན་ཚོགས་ནང་བརྟན་ལྷིངས་བྱུང་བ་འདི་ནི་འཇར་མན་ཙམ་མ་ཟད། འཛམ་གླིང་སྤྱི་ཡོངས་ནང་སེམས་འགུལ་གྱི་རེ་བ་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་པ་བཀའ་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་མཐུན་ཚོགས་ཀྱི་གནས་སྟངས་འདིའི་འོག་ཚོགས་མིའི་ཡུལ་གྲུ་ཁག་གི་ཁེ་ཕན་ཆེད་ཚོགས་མི་ཐུན་མོང་གིས་མཉམ་ལས་སྤེལ་རྒྱུའི་རང་བཞིན་ལ་བསྔགས་བརྗོད་ཆེན་པོ་ཡོད་པ་བཀའ་གནང་པ་དང་། ཕན་ཚུན་གཅིག་ཕན་དང་མཉམ་ལས་ཀྱི་གནས་བབ་འདི་ཨ་ཕི་རི་ཀའི་མཐུན་ཚོགས་དང་ལ་ཏིན་ཨ་མི་རི་ཀའི་མཐུན་ཚོགས་ལ་སོགས་པ་བྱུང་སྟེ་འཛམ་གླིང་ནང་ཞི་བདེ་དང་དཔལ་འབྱོར་འཕེལ་རྒྱས་ཐོག་ལེགས་སྐྱེས་འབུལ་ཐུབ་པ་ཞིག་ཡོང་རྒྱུར་ཡིད་ཆེས་ཡོད་ཅེས་བཀའ་གནང་འདུག ཕྱི་ཚེས་༢༥་ཉིན་འཇར་མན་གྱི་སྐབས་༡༩་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་གནང་ཡོད་པ་ལྟར། ད་ལྟའི་འཇར་མན་གྱི་གཞུང་འཛིན་སྲིད་དོན་མཉམ་འབྲེལ་ཚོགས་པར་གདན་གྲངས་༢༤༦་ཐོབ་ཏེ་འཇར་མན་གྱི་སྲིད་བློན་ལས་ཐོག་ལྕམ་Angela Merkel་མཆོག་གིས་སྣེ་ཁྲིད་པའི་སྲིད་དོན་མཉམ་འབྲེལ་ཚོགས་པར་གྲོས་ཚོགས་ཀྱི་གདན་གྲངས་བརྒྱ་ཆ་༣༣་ཟིན་ཡོད་པ་རེད།
ད་ལྟའི་གཞུང་འཛིན་སྲིད་དོན་མཉམ་འབྲེལ་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན་ལྕམ་(Angela Merkel)་མཆོག་གིས་འཇར་མན་སྲིད་བློན་སྐབས་༤་པའི་ལས་འཁུར་གནང་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། སྲིད་བློན་ལས་འཁུར་ཞུ་བར་ལྕམ་(Merkel)་ཀྱི་སྲིད་དོན་མཉམ་འབྲེལ་ཚོགས་པར་གྲོས་ཚོགས་ཀྱི་གདན་གྲངས་བརྒྱ་ཆ་༥༠་འཐོབ་དགོས་ཀྱི་ཡོད་སྟབས་སྲིད་དོན་ཚོགས་པ་གཞན་དང་ཐོུང་སྲིད་གཞུང་གི་འཛུགས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

གསར་འགོད་པ་འཆི་མེད་དང་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎