༧གོང་ས་མཆོག་ནི་འཛམ་གླིང་ཡོངས་སུ་བྱམས་བརྩེ་སྤེལ་ཏེ་གུས་བརྩི་ཐོབ་པའི་དབུ་ཁྲིད་རླབས་ཆེན་ཞིག་རེད་ཅེས། རྒྱ་གར་གྲོས་ཚོགས་འཐུས་མི་སཱཏྱི་པཱལ་སེངྒེ་ནས་འགྲེལ་བརྗོད་གནང་ཡོད་པ།

2023.06.06
༧གོང་ས་མཆོག་ནི་འཛམ་གླིང་ཡོངས་སུ་བྱམས་བརྩེ་སྤེལ་ཏེ་གུས་བརྩི་ཐོབ་པའི་དབུ་ཁྲིད་རླབས་ཆེན་ཞིག་རེད་ཅེས། རྒྱ་གར་གྲོས་ཚོགས་འཐུས་མི་སཱཏྱི་པཱལ་སེངྒེ་ནས་འགྲེལ་བརྗོད་གནང་ཡོད་པ། ༸གོང་ས་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་སྩལ་བའི་སྐབས། ༢༠༢༣།༠༦།༠༦།
OHHDL

རྒྱ་གར་གྲོས་ཚོགས་གོང་འོག་གི་ཟུང་འབྲེལ་ཞིབ་དཔྱོད་ཚོགས་ཆུང་གི་ཚོགས་གཙོ་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སཱཏྱི་པཱལ་སེངྒེ་ལགས་Satyapal་Singhགཙོས་པའི་ཚོགས་ཆུང་གི་འཐུས་མི་ཁག་ཅིག་ལ། སྤྱི་ཟླ་༦པའི་ཚེས་༦ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་སྩལ་ཡོད་ཅིང་། མཇལ་ཁ་གྲུབ་རྗེས་རྒྱ་གར་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེའི་ཚོགས་གཙོ་Satyapal་Singhལགས་ནས། ༧གོང་ས་མཆོག་ནི་བོད་མིའི་དབུ་ཁྲིད་དང་རྒྱ་གར་ནང་གི་ཆོས་ཀྱི་དབུ་ཁྲིད་ཅིག་ཙམ་མིན་པར། འཛམ་གླིང་ཡོངས་སུ་བྱམས་བརྩེ་སྤེལ་ཏེ་གུས་བརྩི་ཐོབ་པའི་དབུ་ཁྲིད་རླབས་ཆེན་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཕྲུ་གུ་ལོ་ཆུང་ཚོ་ཡུན་རིང་ཕ་མ་དང་བྲལ་ཏེ་ཕ་མར་ཐུག་དུས་ཀྱི་དགའ་སྣང་ཇི་བཞིན། ང་ཚོ་མི་དཀྱུས་མ་ཞིག་༧གོང་ས་མཆོག་ལྟ་བུའི་ཆོས་ཀྱི་བྱིན་རླབས་འབར་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་དང་མཇལ་སྐབས། བཤད་མི་ཤེས་པའི་དགའ་ཚོར་ཆེན་པོ་ཞིག་ཡོང་གི་འདུག་ཅིང་། ༧གོང་ས་མཆོག་ནི་བོད་མིའི་དབུ་ཁྲིད་དང་རྒྱ་གར་ནང་གི་ཆོས་ཀྱི་དབུ་ཁྲིད་ཅིག་ཙམ་མིན་པར། འཛམ་གླིང་ཡོངས་སུ་བྱམས་བརྩེ་སྤེལ་ཏེ་གུས་བརྩི་ཐོབ་པའི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པས། ང་ཚོ་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གི་ཚོགས་མི་ཚོར་ཧ་ཅང་གིས་བསྐལ་བ་བཟང་པོ་ལྡན་སོང་ཞེས་འགྲེལ་བརྗོད་གནང་སོང་། ཡང་རྒྱ་གར་གྱི་གཟེངས་རྟགས་གྲགས་ཅན་བྷཱརཏི་རཏྣཱ་༧གོང་ས་མཆོག་ལ་ཕུལ་རྒྱུའི་རྒྱབ་སྐྱོར་དགོངས་སྐོར་གྱི་ཐོག་དྲི་བ་ཞུས་པར།ཁོང་གིས་འགྲེལ་བརྗོད་དོན། ༧གོང་ས་མཆོག་ནི་འཛམ་གླིང་ཡོངས་སུ་གུས་བརྩི་ཆེན་པོ་གནང་ཡུལ་གྱི་ཧ་ཅང་སྙན་གྲགས་ཆེ་བའི་དབུ་ཁྲིད་ཅིག་ཆགས་ཡོད་པས། རྒྱ་གར་གྱི་ནོར་བུ་ལྟ་བུའི་གཟེངས་རྟགས་ཤིག་ཕུལ་ཀྱང་ངོས་འཛིན་ཆུང་དྲགས་པའི་སྐྱོན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཚོགས་ཆུང་གི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་མཐུས་མི་ལྕམ་Sulata Deoལགས་ནས་ཀྱང་། སྤྱིར་བཏང་མི་ཚོས་ལྷ་དཀོན་མཆོག་ལ་མཇལ་ཟེར་དུས་ལྷ་ཁང་དང་གཙུག་ལག་ཁང་དུ་ཕྱིན་ཏེ་སྐུ་འདྲ་ལ་མཇལ་ཁ་ལེན་གྱི་ཡོད་ནའང་། དེ་རིང་༧གོང་ས་མཆོག་དང་མཇལ་ཏེ་ལྷ་དཀོན་མཆོག་གིས་དངོས་སུ་ཞལ་གཟིགས་ནས་བྱིན་རླབས་གནང་བའི་ཚོར་བ་བྱུང་། ༧གོང་ས་མཆོག་འཛམ་གླིང་ཡོངས་སུ་བྱམས་བརྩེ་སྤེལ་ཏེ་ལྷ་དཀོན་མཆོག་དང་ངོ་བོ་དབྱེར་མ་མཆིས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྲོས་ཚོགས་འོག་མའི་མཐུས་མི་བཅུ་དང་གྲོས་ཚོགས་གོང་མའི་མཐུས་མི་ལྔ་ལས་གྲུབ་པའི་ཞིབ་དཔྱོད་ཚོགས་ཆུང་དེས། རྒྱ་གར་གྲོས་ཚོགས་འཐུས་མི་དང་དབུས་གཞུང་གི་བློན་ཆེན་རིམ་པ། མངའ་སྡེ་དང་ཐད་སྐྱོང་ས་ཁུལ་གྱི་མཐོ་རིམ་དཔོན་རིགས་ཚོའི་ཁེ་ཡོད་ལས་ཁུངས་ཁག་ལ་ཞིབ་འཇུག་གནང་སྟེ། དུས་ནས་དུས་སུ་སྙན་ཐོ་རྒྱ་གར་གྲོས་ཚོགས་སུ་ཕུལ་གྱི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།  
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎