ཆོས་ཞུ་བ་ཚོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་དགོས་པ། ༧གོང་ས་མཆོག་གིས་ལམ་སྟོན་སྐུལ་མ་གནང་ཡོད་པ།

2022.07.09
ཆོས་ཞུ་བ་ཚོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་དགོས་པ། ༧གོང་ས་མཆོག་གིས་ལམ་སྟོན་སྐུལ་མ་གནང་ཡོད་པ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བདེ་མཆོག
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བདེ་མཆོག་ལཱུ་ཨི་པའི་ལུགས་ཀྱི་བཀའ་དབང་ཉི་མ་གཉིས་པ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ཟླ་༧པའི་ཚེས་༩ཉིན་དངོས་སུ་སྩལ་སྐབས། སེར་སྐྱ་མི་མང་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་སྔགས་ཀྱི་སྡོམ་པ་བཅས་གནང་སྟེ། མགོན་པོ་གང་ཉིད་ནས་ཉི་མ་རེ་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་གྱི་ཡོད་པ་བཞིན། ཁོང་གི་ཆོས་གྲོགས་ཡིན་བསམ་པ་དང་རྗེས་འཇུག་ཡིན་བསམ་ཚོས་ཀྱང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་དེ་ཉམས་ལེན་གྱི་མཐིལ་དུ་འཛིན་དགོས་པའི་ལམ་སྟོན་སྐུལ་མ་གནང་གི་འདུག
རང་བདེ་བ་དང་གཞན་བདེ་བ། སྡིག་སྒྲིབ་སྦྱོངས་པ་དང་ཚོགས་བསགས་པ་བཅས་ཚང་མ་འདུན་པ་གཉིས་ལྡན་གྱི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཡོང་གི་ཡོད་པས།བྱ ང་ཆུབ་ཀྱི་སེམས་ནི་ཀུན་འདུས་ནོར་བུ་ཧ་ཅང་རྩ་ཆེན་པོ་ཆགས་ཡོད་པ་མ་ཟད། སྙིང་སྟོབས་བསྐྱེད་པ་དང་སེམས་ལ་ཞི་བདེ་སླེབས་པ་ཚང་མ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོང་གི་ཡོད་པ་དང་། རང་གཅེས་འཛིན་གྱིས་ཞེད་སྣང་དང་ང་རྒྱལ་ཕྲག་དོག་སོགས་ཡོང་གི་ཡོད་པ་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་ཕྱིའི་གཟུང་བ་དང་ནང་འཛིན་པ་གང་ཡིན་ན། མིང་རྐྱང་བཏགས་ཡོད་ཙམ་མ་གཏོགས་དང་ངོ་བོ་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་མེད་པར། རྒྱུ་ངོ་བོ་བྱ་བ་དང་བཅས་པ་རང་བཞིན་གྱིས་གྲུབ་པའི་སྟོང་པར་ལྟ་བ་ནི་སྟོང་ཉིད་སྒོམ་སྟངས་ཡིན་པ་བཀའ་གནང་གི་འདུག
དེ་མིན་ཡང་༧གོང་ས་མཆོག་གིས་རང་ལས་གཞན་གཅེས་པར་འཛིན་པ་ནི་ང་ཚོའི་སྤྱིར་བཏང་གི་བློས།ཕར་ཡག་པོ་བྱས་ན་ཚུར་ཡག་པོ་བྱེད་པ་ཞིག་ཡིན་ནའང་། བྱང་ཆུབ་སེམས་དཔས་རང་གི་དགྲ་བོ་ལ་ཡིན་ནའང་མཐར་ཐུག་གི་བརྩེ་བ་བྱས་ཡོང་གི་ཡོད་པས། བྱང་ཆུབ་ཀྱི་སེམས་ནི་ཆོས་ཁས་ལེན་མིན་དང་སྐྱེ་བ་སྔ་ཕྱི་ཁས་ལེན་མིན་སོགས་ལ་ལྟོས་མི་དགོས་པར། རང་གཞན་ཁོར་ཡུག་དང་བཅས་པའི་ཕན་བདེའི་འབྱུང་གནས་སུ་གྱུར་ཡོད་པ་བཀའ་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་ཡོངས་སུ་གནང་གྲུབ་པར་བརྟེན། སྤྱི་ཟླ་༧པའི་ཚེས་༡༠ཉིན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་བརྟན་བཞུགས་བསྟར་འབུལ་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎