༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར།

རེས་གཟའ་ཕུར་བུའི་ཉིན་༸གོང་ས་མཆོག་ལ་ཨ་མི་རི་ཀའི་སྐད་གྲགས་ཆེ་བའི་ཧརྦཌ་གཙུག་ལག་སློབ་གྲྭས་ཆེ་བསྟོད་ཀྱི་ཕྱག་ཁྱེར་ཞིག་ཕུལ་ཡོད་པ།

2009.05.01

༄༅༎ཧརྦཌ་གཙུག་ལག་སློབ་གྲྭའི་ཧ་ཅང་གི་རྩ་ཆེའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་ནི་ད་བར་འཛམ་གླིང་ནང་གི་མཚན་སྙན་ཆེ་བའི་དབུ་ཁྲིད་ཉུང་ཤས་ཤིག་ལ་ཕུལ་བའི་ནང་ནས་དེ་རེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་ཕུལ་ཡོད་པ་རེད།

ཧརྦཌ་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་མཁས་དབང་བློ་བཟང་སེངྒེ་ལགས་ཀྱིས་དེ་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧརྦཌ་གཙུག་ལག་སློབ་གྲྭའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་བ་དེ་ཡིས་གཙུག་ལག་སློབ་གྲྭ་དེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་གུས་བཀུར་དང་ཆེ་བསྟོད་ཞུས་པའི་རྣམ་པ་མཚོན་ཐུབ་པ་ཞིག་ཡིན་པ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་ནང་གི་རྩོད་རྙོག་དང་འཁྲུག་རྩོད་ཀྱི་དཀའ་ངལ་རྣམས་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་ཀྱི་འབད་བརྩོན་གནང་བ་མ་ཟད་འཛམ་གླིང་གི་ཁོར་ཡུག་དཀའ་ངལ་དང་དེ་བཞིན་ལོ་རྒྱུས་ཀྱི་དཀའ་རྙོག་རྙིང་པ་རྣམས་མི་རབས་གསར་པ་ཚོས་སེལ་ཐབས་བྱ་དགོས་པའི་སྐུལ་དེད་དང་ལམ་སྟོན་གནང་བའི་མཛད་རྗེས་དང་དེ་བཞིན་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་འཁུར་ཆེ་བཞེས་གནང་བ་སོགས་ཀྱི་ཕྱག་ལས་མཛད་འཕྲིན་རྣམས་ངོས་འཛིན་ཞུས་པ་མཚོན་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎