རྩོམ་རིག་སྒྱུ་རྩལ་གྱི་དུས་སྟོན་ཐོག་ཆིབས་བསྒྱུར།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། སྔོན་གྱི་མཁས་པ་དང་ལོ་ཙ་བ་རྣམས་ཀྱིས་སྟོན་པའི་བཀའ་མང་དག་ཅིག་བོད་སྐད་ཐོག་ཕབ་བསྒྱུར་མཛད་པར་བཀྲིན་ཧ་ཅང་དྲན་བཞིན་ཡོད་ཅེས་བཀའ་གནང་འདུག

2013.01.24

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་མཛད་འཆར་གྲུབ་གནང་ཏེ།    དེ་རིང་ཚེས་༢༤ཉིན་རྒྱ་གར་གྱི་ར་ཇེས་ཏན་མངའ་སྡེའི་ཇའེ་པུར་གྲོང་ཁྱེར་དུ་ལོ་ལྟར་ཚོགས་སྲོལ་ཡོད་པའི་རྩོམ་རིག་སྒྱུ་རྩལ་གྱི་དུས་སྟོན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་གནང་ཡོད་འདུག དུས་སྟོན་དེའི་སྐབས་སྟོན་པ་ཤཀྱཱ་ཐུབ་པའི་གསུང རྩོམ་རིགས་ཀྱིས་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་པ་དང་སྦྲགས། ཆོས་ལུགས་མཐུན་སྒྲིལ་སྐོར་ལམ་སྟོན་བཀའ་སློབ་ཀྱང་བསྩལ་གནང་ཡོད་པ་རེད། ཕྱི་ཟླ་དང་པོའི་ཚེས་༢༤ནས་༢༨བར་ཉིན་ལྔའི་དུས་སྟོན་དེའི་རིང་།    ནང་ཆོས་ཀྱི་ལྟ་གྲུབ་རྣམ་གཞག་དང་། རྩོམ་རིག་ལ་ཤུགས་རྐྱེན་ག་འདྲ་བྱུང་ཚུལ་ཐོག་ཀྱང་བགྲོ་གླེང་གནང་རྒྱུའི་ལས་རིམ་གོ་སྒྲིག་ཞུས་ཡོད་པ་རེད།
མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། ངོས་རང་མི་ཚེ་ཧྲིལ་པོའི་ནང་རྩོམ་རིག་གིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་བྱུང་། ངོས་རང་བྱིས་པའི་གནས་སྐབས་ནས་དཔེ་དེབ་ཀློག་རྒྱུར་ཧ་ཅང་གལ་ཆེན་པོ་ཞིག་དང་། སྔོན་གྱི་མཁས་པ་དང་ལོ་ཙ་བ་རྣམས་ཀྱིས་སྟོན་པའི་བཀའ་མང་དག་ཅིག་བོད་སྐད་ཐོག་ཕབ་བསྒྱུར་མཛད་པར་བཀྲིན་ཧ་ཅང་དྲན་བཞིན་ཡོད་ཅེས་བཀའ་གནང་ཡོད་པ་རེད། དུས་སྟོན་འདིའི་ནང་། རྒྱ་གར་ཙམ་མ་ཡིན་པར་ཡུལ་གྲུ་མང་པོའི་རྩོམ་པ་པོ་གྲགས་ཅན་དང་། མཁས་དབང་། དེ་བཞིན་ཆོས་དང་ཆབ་སྲིད། དཔལ་འབྱོར་རིག་གནས་སོགས་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་ནས་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎