བློ་སྦྱོང་བྱེད་སྟངས་ལ་སློབ་སྦྱོང་བྱ་དགོས།


2013.03.26
༧གོང་ས་མཆོག་ནས་ར་ཝང་ལ་ཁུལ་དུ་གསར་བཞེངས་ཞུས་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་འབྲེལ་མང་ཚོགས་ལ་བཀའ་སློབ་གནང་བ།
༧སྐུ་སྒེར་ཡིག་ཚང་གི་དྲ་གནས།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ར་ཝང་ལ་ཁུལ་དུ་ཡོད་པའི་ཏ་ཐཱ་ག་ཏ་ཚལ་ནང་འབྲས་ལྗོངས་མངའ་སྡེ་གཞུང་གིས་སྟོན་པའི་སྣང་བརྙན་སྐུ་ཚད་ཧྥི་ཊི་ ༡༣༥ ཙམ་ཡོད་པ་ཞིག་གསར་བཞེངས་ཞུས་པ་དེར་རབ་གནས་དང་འབྲེལ་བཀའ་སློབ་སྩལ་གནང་མཛད་སྐབས།  ནང་ཆོས་དང་འབྲེལ་བའི་རིག་གཞུང་དེས་མིའི་སེམས་ལ་དཀའ་ངལ་འཕྲད་སྐབས་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོད་པའི་གནས་ཚུལ་ཤེས་ན། སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་དེ་མི་ཚེའི་ནང་ཕན་ཐོགས་འདུག་བསམ་པ་ལྟ་བུ་ཡོང་གི་རེད། དེར་བརྟེན་རིག་གཞུང་ཞེས་སེམས་ནང་གི་ཡོན་ཏན་ཉར་ཚགས་བྱེད་སྟངས་དེ་རྒྱུ་མཚན་དང་དགོས་པ་མཐོང་བའི་སྒོ་ནས་བདག་གཅེས་བྱ་རྒྱུ་ཞིག་བྱུང་ན་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་གནང་འདུག    ༧གོང་ས་མཆོག་གིས་ད་དུང་།    བཀའ་འགྱུར་བསྟན་འགྱུར་ལ་སོགས་པའི་ནང་བློ་སྦྱོང་བྱེད་སྟངས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་གནང་ཡོད་པ་རེད།
ཐེངས་འདིའི་དབུ་འབྱེད་མཛད་སྒོར་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན།    གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམས་གཉིས། མངའ་སྡེའི་བློན་ཆེན་ཁག་དང་།    གཞུང་ཞབས་གནད་ཡོད་ཁག དད་ལྡན་མང་ཚོགས་ཁྲི་ཚོ་བརྒལ་བ་བཅར་འདུག    དེ་ནས་ཕྱེད་ཡོལ་ཕྱག་ཚོད་ ༡།༣༠ ཐོག་མགོན་པོ་གང་ཉིད་མཆོག་གིས་ར་ཝང་ལ་ཁུལ་དང་། འབྲུག འབྲས་ལྗོངས་ཀྱི་མངའ་སྡེ་ཁག ཀ་ལོན་སྦུག རྡོ་གླིང་སོགས་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ ༡༠༠༠༠ བརྒལ་བར་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་གནང་མཛད་ཡོད་པ་དང༌། དེ་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎