༧གོང་ས་མཆོག་གིས་རི་གྷའི་ནང་འཛད་འཕྲིན་སྐྱོང་གནང་བཞིན་པ།


2016.10.11
༧གོང་ས་མཆོག་གིས་རི་གྷའི་ནང་འཛད་འཕྲིན་སྐྱོང་གནང་བཞིན་པ། ༢༠༡༦།༡༠།༡༠ ༧གོང་ས་མཆོག་གིས་རི་གྷའི་ནང་འཛད་འཕྲིན་སྐྱོང་གནང་བཞིན་པ། ༢༠༡༦།༡༠།༡༠
Tenzin Choejor

༧གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ཉིན་རེ་བཞིན་སྦྱོང་བརྡར་འབད་བརྩོན་གནང་དགོས་བ་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ལཏ་ཝི་ཡའི་Latvia་རྒྱལ་ས་རི་གྷའི་ནང་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་བཞིན་པ་ནས། ཕྱི་ཟླ་༡༠་ཚེས་༡༡་ཉིན་བྱང་སེམས་དང་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག། དེ་བཞིན་སྦལ་ཊིཀ་རྒྱ་མཚོའི་མངའ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བའི་མི་སྣར་མཇལ་ཁ་སོགས་སྩལ་གནང་མཛད་འདུག།
བྱང་སེམས་ཀྱི་སྡོམ་པ་སྩལ་གནང་མཛད་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ལ་འགྱུར་བ་བཏང་པའི་ཐོག་ནས་མངོན་མཐོ་དང་ངེས་ལེགས་གྲུབ་དགོས་པ་དང་། དེ་གྲུབ་པའི་རྒྱུ་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ཉིན་རེ་བཞིན་སྦྱོང་བརྡར་བྱེད་དེ་སེམས་ལ་འགྱུར་བ་འགྲོ་དགོས་པ་ལས། འབད་བརྩོན་མ་བྱས་པར་འབྱུང་ཐབས་མེད་པ་བཀའ་གནང་འདུག།
ཕྱི་ཟླ་༡༠་ཚེས་༡༢་ཉིན་གྱི་སྔ་དྲོ་ར་ཤི་ཡ་དང་དེ་བཞིན་སྦལ་ཊིཀ་རྒྱ་མཚོའི་ཁུལ་གྱི་མཁས་མི་སྣ་ཁག་གཅིག་དང་ལྷན་དུ་བགྲོ་གླེང་གནང་རྒྱུའི་མཛད་འཆར་གྲུབ་རྗེས། སུད་སིའི་གྲོང་ཁྱེར་ Bern་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་Alexander Tschappat་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རི་གྷ་ནས་Bern་རུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་ཞིང་། Bern་རུ་ཞབས་སོར་འཁོད་མ་ཐག་གྲོང་ཁྱེར་དེའི་ནང་ཡོད་པའི་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་བསྟི་གནས་ཁང་དུ་ཞབས་སོར་འཁོད་གནང་གིས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལ་སོགས་པ་གལ་ཆེའི་མི་སྣ་དྲུག་བཅུ་ཙམ་དང་ལྷན་དུ་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་རྒྱུ་ཡིན་འདུག། དེ་རྗེས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་མི་སྣ་ཁག་དང་ལྷན་དུ་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་སླད་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎