རང་རྒྱལ་གཞན་ཕམ་གྱི་རྗེས་ལུས་ཅན་གྱི་བསམ་བློ་དོར་དགོས། ༧གོང་ས་མཆོག་གིས།


2018.11.14
༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་འབྲེལ་སྐབས། ༢༠༡༨།༡༡།༡༤ ༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་འབྲེལ་སྐབས། ༢༠༡༨།༡༡།༡༤
OHHDL

༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་ཆོས་འབྲེལ་དབུ་འཛུགས་མཛད་སྐབས་སེམས་ཀྱི་ཞི་བདེ་བསྐྲུན་པར་རང་རྒྱལ་གཞན་ཕམ་གྱི་རྗེས་ལུས་ཅན་གྱི་བསམ་བློ་དོར་དགོས་པ་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་༡༤་ཉིན་ཉི་ཧོང་གི་ཡོ་ཀོ་ཧ་མའི་གྲོང་ཁྱེར་ནང་། དད་ལྡན་མི་མང་༥༠༠༠་ལྷག་ལ་ཤེས་རབ་སྙིང་པོ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཉིན་གསུམ་རིང་གི་གསུང་ཆོས་དབུ་འཛུགས་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དངོས་གཞི་དབུ་འཛུགས་མ་གནང་གོང་ནང་ཆོས་ངོ་སྤྲོད་གནང་སྐབས།  ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ཏེ། བྱམས་བརྩེ་ལ་སོགས་པ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་གཏོང་ཐབས།  དེ་བཞིན་བོད་ཀྱི་ཁོར་ཡུག་དང་ཐོུང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་ཐབས་མཛད་རྒྱུ་སོགས་ངོ་སྤྲོད་གནང་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དཔལ་ལེཎྜའི་གཞུང་ལུགས་མདོ་སྡགས་གཉིས་ལ་སློབ་གཉེར་མཐིལ་ཕྱིན་པ་གནང་དགོས་ཚེ་བོད་པའི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་མེད་པ་གསལ་བཤད་གནང་པ་དང་།  བོད་མི་རྣམས་ཀྱིས་རང་ཉིད་ལ་ཡོད་པའི་འཛམ་གླིང་གི་གཅེས་ནོར་དེ་བརྒྱུད་འཇིག་རྟེན་ཀུན་ལ་ཕན་པ་ཇི་ལྟར་སྒྲུབ་དགོས་མིན་ཐད་བསམ་ཞིབ་དགོས་པའི་ལམ་སྟོན་བཀའ་སློབ་ཀྱང་སྩལ་གནང་འདུག
ཡང་༧གོང་ས་མཆོག་གིས། འཛམ་གླིང་ཧྲིལ་པོ་འདི་གཅིག་ལ་གཅིག་རྟེན་དགོས་པ་ཆགས་ཡོད་པ་དང་མི་ཞིག་ཡིན་ཕྱིན་ཆད་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་མཁན་ཤ་སྟག་ཡིན་སྟབས་སེམས་ཀྱི་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་ལེགས་ཤོས་དེ་ནི་རང་རྒྱལ་གཞན་ཕམ་གྱི་རྗེས་ལུས་ཅན་གྱི་བསམ་བློ་དེ་དོར་ནས་དུས་རྟག་ཏུ་སེམས་བཟང་པོ་དང་འགྲོ་བ་མིའི་རང་བཞིན་ལ་ཡོད་པའི་བྱམས་བརྩའི་བསམ་པ་དེ་གོང་འཕེལ་གཏོང་ཐབས་བྱ་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ་སྩལ་འདུག
ད་རེས་ཀྱི་གསུང་ཆོས་དེ་ནི་ཉི་ཧོང་ནང་བཅའ་བཞུགས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་བསྒྲིགས་ཞུས་པ་ཞིག་ཡིན་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎