༧གོང་ས་མཆོག་གིས་ཨ་རིའི་ཀེ་ལི་ཕོར་ནེ་ཡའི་མཛད་འཕྲིན་ལེཊ་འགྲུབ།


2015.07.09
༧གོང་ས་མཆོག་གོ་ལའི་བྱམས་བརྩེའི་ཚོཊ་ཆེན་སྐབས། ༢༠༡༥།༧།༧ ༧གོང་ས་མཆོག་ཨ་རིའི་ཀེ་ལི་ཕོ་ནེ་ཡར་ཚོགས་པའི་གོ་ལའི་བྱམས་བརྩེའི་ཚོཊ་ཆེན་སྐབས། ༢༠༡༥།༧།༧
OHHDL

༧གོང་ས་མཆོག་གི་མཛད་འཕྲིན་སྐབས་ཀྱི་དངུལ་ལྷག་ཨ་སྒོར་འབུམ་བཞི་ཡོད་པ་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞན་ཕན་ཆེད་གཏོང་རྒྱུ་ཡིན་པ་རེད།
དེ་ཡང་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནེ་ཡའི་ནང་འཇིག་རྟེན་ཐོག་བྱམས་སྙིང་རྗེའི་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་མིང་བྱང་འོག་༧གོང་ས་རྒྱལ་བ་རིན་ཆེན་མཆོག་གིས་ཉིན་གསུམ་གྱི་བྱམས་བརྩེའི་མཛད་འཕྲིན་ཁག་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་པ་རེད། མཛད་འཆར་ཉིན་མཐའ་མར་བྱུང་སོང་གི་རྩིས་ཁྲ་སྙན་སྒྲོན་གྱི་སྐབས་སུ་ཕྱག་འཁྱེར་བཙོང་བའི་རིན་པ་ཨ་སྒོར་ས་ཡ་གཉིས་ལྷག་ཡོང་སྒོ་བྱུང་བ་དང་། དེ་ལས་འགྲོ་སོང་ཆ་ཚང་ཕུད་པའི་དངུལ་ལྷག་ཨ་སྒོར་འབུམ་༤ལྷག་ཙམ་ཡོད་པ་དང་། དངུལ་ལྷག་དེ་དག་ཚང་མ་༧གོང་ས་མཆོག་གིས་གདོད་མིའི་མི་རིགས་ཚོའི་བདེ་སྡུག་ཆེད་དང་། བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཕོག་པའི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར། དེ་བཞིན་ཀེ་ལི་ཕོར་ནེ་ཡའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་སྐུ་མདུན་གྱི་མཚན་ཐོག་ནས་སློབ་ཡོན་ཅེས་གྱི་ཆེད་དུ་༧གོང་ས་མཆོག་གིས་ཇི་ལྟར་ཐུགས་འདོད་གནང་བ་ལྟར་འབུལ་རྒྱུ་ཡིན་པ་འབྲེལ་ཡོད་གོ་སྒྲིག་ཚོགས་ཆུང་གིས་མི་དམངས་ལ་གསལ་བསྒྲགས་གནང་ཡོད་པ་རེད།
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཚན་ཐོག་ནས་༧གོང་ས་མཆོག་གི་མཛད་འཕྲིན་སྐྱོང་ཡུལ་གཙུག་ལག་སློབ་གྲ་དེས། སློབ་ཡོན་ཞིག་སྤྲོད་ཀྱི་ཡོད་པ་དེ་ནི་ཐོག་མ་གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་སྤྱི་ལོ་༢༠༠༤ལོར་གཙུག་ལག་སློབ་གྲ་ཆེན་མོའི་དེའི་ནང་ཆིབས་བསྒྱུར་གནང་བ་བསྟུན། ཏཱ་ལའི་བླ་མའི་སློབ་ཡོན་ཞེས་པ་དེ་གསར་འཛུགས་གནང་འདུག ད་བར་དུ་སློབ་ཕྲུག་༡༢ཙམ་སློབ་ཡོན་ཐོབ་ནས་ཁོང་རྣམས་པས་ཀུན་སྤྱོད་ལྡན་པའི་དབུ་ཁྲིད་ཞིག་གནང་རྒྱུ་དང་། ཞི་བདེ་སློབ་ཡོན་ཐོབ་མཁན་སློབ་ཕྲུག་དེ་དག་གིས་མི་ཚེ་ནང་བག་ཆགས་བཟང་པོ་དང་། སྤྱི་ཚོགས་ནང་ཕན་རླབས་ལྡན་པའི་ཞབས་ཞུ་གནང་ཡོད་པ་རེད་འདུག ཏཱ་ལའི་བླ་མའི་སློབ་ཡོན་གཙུག་ལག་སློབ་གྲ་དེའི་ནང་སློབ་གཉེར་བྱེད་བཞིན་པའི་གསར་གཏོད་ཀྱི་ལས་འཆར་བརྒྱུད་ནས་གཞན་ཕན་གྱི་བསམ་བློ་ཡོད་མཁན་གྱི་གཟེངས་སུ་ཐོན་པའི་སློབ་མ་ལ་འབུལ་གནང་གི་ཡོད་པ་རེད་འདུག ད་ལན་གོང་ས་མཆོག་གི་མཛད་འཕྲིན་དང་བསྟུན་སློབ་མ་དེ་དག་ལ་ངོ་སྤྲོད་ཆེ་བསྟོད་གནང་ཡོད།
ཟླ་བདུན་པའི་ཚེས་༧གཟའ་མིག་དམར་ཉིན་གྱི་མཛད་འཆར་ནང། འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་ཆེད་ཤེས་ཡོན་གྱི་གལ་གནད་སྐོར་ན་གཞོན་འགོ་ཁྲིད་གྱི་བགྲོ་གླེང་ལྷན་ཚོགས་ཞིག་གི་ཐོག་གོང་ས་མཆོག་དབུ་བཞུགས་མཛད་གནང་ཡོད། དེའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་བལྟ་སྒྲུབ་དང་འདྲེས་པའི་ཐོག་ནས་ཤེས་ཡོན་སློབ་སྦྱོང་གི་གལ་གནད་སྐོར་ངོ་སྤྲོད་དང་། དེ་བཞིན་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་པ་བཞིན་གསེར་ཡིན་མིན་བསྲེག་བ་དང་། བརྡར་བ། བཅད་པ་སོགས་ཀྱི་ལམ་ནས་རྟག་དཔྱད་ཞིབ་འཇུག་དགོས་པ་དང་། ཁས་བླངས་མི་བླངས་ཐག་གཅོད་རྒྱུ་ལས་སངས་རྒྱས་ཀྱི་གསུངས་རེད་ཟེར་ནས་གུས་པའི་ཆེད་དུ་ཁས་བླངས་དགོས་ཀྱི་མ་རེད། གལ་སྲིད་སངས་རྒྱས་གསུངས་ཡིན་ན་ཡང་། རྟག་དཔྱད་ཞིབ་འཇུག་བྱས་རྗེས་དེ་བདེན་པ་མིན་ན་ཁས་བླངས་དགོས་ཀྱི་མ་རེད་ཅེས་ཀྱང་གསུངས་སོང་ལ་དེ་ལྟར་བཞིན་བོད་པའི་སེམས་ཁམས་ནང་རི་ཡི་རྒྱལ་པོ་རི་རབ་ཞེས་ཟེར་སྲོལ་ཡོད་པ་དེ་སྐུ་ཉིད་ཀྱིས་ཁས་ལེན་བྱེད་ཀྱི་མེད་ཅེས་གསུངས་ཡོད།
སྐབས་དེར་ཧེ་བིས་ནས་ཕེབས་པའི་སྐུ་ཚབ་ཞིག་གིས་གོང་ས་མཆོག་གི་མཛད་འཕྲིན་དང་། དེའི་ཤུགས་རྐྱེན་བསླབ་བྱ་དེ་དག་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་བདེ་བ་སྤྲོད་ཐུབ་པ་མུན་པའི་སྒྲོན་མེ་ལྟབུ་ཞིག་རེད་ཅེས་སྐུའི་འཁྲུངས་སྐར་དང་བསྟུན་ལྗོན་ཤིང་གི་ལོ་འདེབས་ནས་བཟོས་པའི་སྐེ་རྒྱན་ཞིག་གོང་ས་མཆོག་ལ་གུས་བཏུད་དང་ཆེས་བསྟོད་གྱིས་གཡོག་ཡོད་པ་རེད།
ཏཱ་ལའི་བླ་མའི་གྲོགས་པོ་ཞེས་པ་དང་། ཞི་བདེའི་འཚོ་གནས་བསྟི་གནས་ཁང་དང་། ཀེ་ལིའི་ཕོ་ནའི་གཙུག་ལག་སློབ་གྲ་ཆེན་མོའི་མཉམ་འབྲེལ་གྱི་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུ་ཚེ་གང་པོ་ཞི་བདེའི་རིན་ཐང་དང་། གཞན་ལ་ཕན་སེམས་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཆེད་དུ་བསྐྱེལ་ཡོད་པ་དེ་ལ་ངོས་འཛིན་གྱིས་ཨ་རིའི་ནང་གཞུང་འབྲེལ་གྱི་སྐུའི་འཁྲུངས་སྐར་དགའ་སྟོན་དང་འབྲེལ་ཉིན་གསུམ་གྱི་བྱམས་བརྩེའི་ཉམས་ལེན་ཆེས་མཐོའི་ལྷན་ཚོགས་དེས་མི་ཚེའི་འགྲོ་ལམ་གྱི་ལྡེ་མིག་ཞིག་གནང་བ་བཅས་རླབས་ཆེན་གྱི་མཛད་འཕྲིན་ཆེ་ཁག་༥བཀྲིས་བདེ་ལེགས་ངང་མཇུལ་སྒྲིལ་གནང་ཡོད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎