བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སོག་ཡུལ་གྱི་དད་ལྡན་པ་ཁག་གཅིག་དང་མཇལ་མོལ།
2019.09.30
སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་ནས་ཆེད་བཅར་དད་ལྡན་པ་ཁག་ཅིག་ལ་ནང་ཆོས་སློབ་གཉེར་བྱེད་དགོས་པའི་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་༢༠༡༩་ཟླ་༩་ཚེས་༢༧་ཉིན། བཞུགས་སྒར་ཕོ་བྲང་མཇལ་འཕྲད་ཁང་དུ། སོག་ཡུལ་ནས་ཆེད་བཅར་ཞུས་པའི་དད་ལྡན་བ་ཁག་ཅིག་ལ་མཇལ་ཁའི་སྐབས། བོད་པ་དང་། སོག་པོ་ཚོས་གཞུང་ཆེན་ལ་སློབ་གཉེར་ཡག་པོ་གནང་རྒྱུ་དང་། དེ་དང་ཕྱོགས་མཚུངས་ཚན་རིག་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན་སངས་རྒྱས་གྱི་བསྟན་པ་དུས་རབས་༢༣་བར་རྒྱུན་གནས་ཐུབ་རྒྱུ་དང་། དེའི་ཐོག་ལ་སོག་པོ་ཚོས་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད་ཅེས་དང་། ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་དུ། སོག་ཡུལ་དུ་ཡོད་པའི་དགོན་པ་ཁག་གི་་ནང་གཙོ་བོ་ནང་ཆོས་སློབ་གཉེར་རང་ལ་ཤུགས་སྣོན་རྒྱག་ཐུབ་པ་ཞིག་གི་ཐོག་གྲྭ་བཙུན་མིན་པར་མི་སྐྱ་ཕོ་མོ་ཚོས་ཀྱང་ནང་ཆོས་སློབ་གཉེར་བྱས་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་བཀའ་བསྕལ་ཡོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༢༠༡༩་ཟླ་༡༠་ཚེས་༣ནས་༥་བར་ཉིན་གྲངས་གསུམ་གྱི་རིང་བཞུགས་སྒར་རྡ་རམ་སཱ་ལའི་ཐེག་ཆེན་ཆོས་གླིང་བཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།