ཐུགས་ཕམ་བྱུང་ཞེས་བཀའ་བསྩལ།
2013.03.01

༄༅། ། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་Pop Benedictམཆོག་བླ་ཆེན་ཁྲི་འཛིན་༡༦པའི་མཚན་གནས་ནས་དགོངས་ཞུ་གནང་བར་ཐུགས་ཕམ་ཕྲན་བུ་བྱུང་སྐོར་བཀའ་གནང་ཡོད་པ་རེད།
དེའང་༧གོང་ས་མཆོག་གིས་བཀའ་གནང་བར། ཐོག་མར་གནས་ཚུལ་དེ་ཐོས་འཕྲལ་ཕྲན་བུའི་ཐུགས་ཕམ་བྱུང་ཡང་། བླ་ཆེན་པོབ་མཆོག་ནི་སྐྱེ་བོ་ཧ་ཅང་གི་བློ་རིག་ལྡན་པ་ཞིག་ཡིན་པ་དང་། བླ་ཆེན་པོབ་མཆོག་དགོངས་ཞུ་གནང་བའི་ཐག་གཅོད་དེ་ནི་དགོས་ངེས་དང་དེས་ཁོང་གིས་རྗེས་འབྲང་དད་ལྡན་མི་དམངས་ལ་དེ་བས་ཁེ་ཕན་ཡོང་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་ཞིག་རེད་ཅེས་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས། བླ་ཆེན་པོབ་མཆོག་གི་སྐུ་ཚེའི་རིང་མི་མང་ལ་ཕན་ཐོག་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང། རྗེས་འཛིན་བླ་ཆེན་སོགས་རྒྱལ་ཁའི་ངང་ནས་ཡོང་བའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་ཅེས་བཞུགས་སྒར་རྡ་རམ་ས་ལར་ཆོས་ཕྱོགས་ཀྱི་མཛད་སྒོའི་ཟུར་དུ་གསར་འགོད་པར་བཀའ་གནང་ཡོད་རེད།།
བླ་ཆེན་པོབ་ Benedict ༡༦ནི། ད་ཕན་འདས་པའི་ལོ་ངོ་༦༠༠ཙམ་གྱི་རིང་ཡེ་ཤུ་བླ་ཆེན་པོབ་ཁྲི་འཛིན་མཚན་གནས་ནས་དགོངས་ཞུ་གནང་མཁན་གྱི་བླ་ཆེན་པོབ་དང་པོ་དེ་ཡིན་པ་དང་། སྤྱི་ཟླ་༣ཚེས་༡ཉིན་ཡེ་ཤུ་ཆོས་ཀྱི་འབྲེལ་ཡོད་བླ་ཆེན་ཚོས་བླ་ཆེན་གསར་པ་ཞིག་འདེམས་བསྐོ་གནང་རྒྱུའི་ལྷན་ཚོགས་གནང་གི་ཡོད་པ་རེད།།