ཆོས་ལུགས་གང་ལ་དད་གུས་ཡིད་ཆེས་བྱེད་དང་མི་བྱེད་མི་སྒེར་གྱི་ལས་དོན་རེད།


2018.01.10
༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་རུ། ༢༠༡༨།༡།༡༠ ༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་རུ། ༢༠༡༨།༡།༡༠
OHHDL

ཆོས་ལུཊ་གང་ལ་དད་གུས་བྱེད་མིན་མི་སྒེར་གྱི་ལས་དོན་ཡིན་སྟབས་ཆོས་ལུཊ་ལ་གཞི་བཞག་ནས་ཞེན་སྐུལ་ལམ་སྒེར་གྱི་ཚོཊ་པ་བཟོ་རྒྱུ་མེད་པ་༧གོང་ས་མཆོག་གིས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལ་དད་པ་བྱེད་དང་མི་བྱེད་དང་། ཆོས་ལུགས་གང་ལ་དད་གུས་ཡིད་ཆེས་བྱེད་དང་མི་བྱེད་ནི་མི་སྒེར་གྱི་ལས་དོན་ཞིག་ཡིན་སྟབས་ཆོས་ལུགས་ལ་གཞི་བཞག་ནས་ཞེན་སྐུལ་ལམ་ཡང་ན་སྒེར་གྱི་ཚོགས་པ་བཟོ་རྒྱུ་མེད་པ་རྒྱ་གར་གྱི་གྲོང་ཁྱེར་(Pune)་འི་ནང་ཚོགས་པའི་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་ལྷན་ཚོགས་ཐོག་བཀའ་སྩལ་གནང་མཛད་འདུག
དེ་ཡང་ཕྱི་ཚེས་༡༠་ཉིན་རྒྱ་གར་གྱི་ནུབ་བརྒྱུད་མངའ་སྡེ་(Maharashtra)འི་གྲོང་ཁྱེར་(Pune)་ནང་(National Teacher’s Association)་ཞེས་རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་དབུ་འབྱེད་མཛད་སྒོ་དབུ་འབྱེད་གནང་བ་དང་། དེར་བསྡུས་མང་ཚོགས་ལ་བཀའ་སློབ་སྩལ་དོན། རྒྱ་གར་དེ་བཞིན་འཛམ་གླིང་གི་འགོ་ཁྲིད་ཆགས་རྒྱུའི་ནུས་པ་ཡོད་པ་དང་། གནའ་སྔ་མོའི་ཤེས་ཡོན་དང་དེང་དུས་ཀྱི་ཚན་རིག་གཉིས་མཉམ་སྦྲེལ་བྱེད་ཐུབ་པའི་འཇོན་ཐང་ཡོད་སྐོར་ཡང་བཀའ་སྩལ་གནང་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་དུས་གྲོང་ཁྱེར་(Pune)འི་ཉེ་འགྲམ་དུ་མངའ་སྡེ་དེའི་(Maratha)་མི་རིགས་དང་། (Dalit)་ཅེས་རྒྱ་གར་གྱི་རིགས་རུས་དམའ་བའི་སྤྱི་ཚོགས་གཉིས་དབར་གདོང་ཐུག་དྲག་པོ་བྱུང་བ་དེའི་ནང་ཐེ་བྱུས་ཡོད་མི་ཚོར་བཀའ་སློབ་ག་རེ་གནང་རྒྱུ་ཡོད་སྐོར་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་ཆོས་ནི་མི་སྒེར་གྱི་ལས་དོན་རེད། ཆོས་ལུགས་གང་ལ་དད་གུས་ཡིད་ཆེས་བྱེད་དང་མི་བྱེད་ཀྱང་སྒེར་གྱི་གནད་དོན་རེད་ང་ཚོས་ཆོས་ལུགས་ལ་གཞི་བཞགས་ནས་ཞེན་སྐུལ་ལམ་ཡང་ན་ཚོགས་པ་བཟོ་རྒྱུ་ཡོད་པ་མ་རེད་ལ་ང་ཚོ་ནང་པ་ཡིན། ང་ཚོ་ཁ་ཆེའམ་ཡང་ན་ང་ཚོ་ཧིན་རྡུ་ཡིན་ཞེས་པའི་མཆན་བུ་འདོག་རྒྱུ་མེད་སྐོར་བཀའ་ལན་སྩལ་གནང་མཛད་འདུག
ཡང་༧གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་རྒྱུན་སྲོལ་ཕྱུགས་པོ་ཡོད་པ་དེར་བསྡགས་བརྗོད་ཆེན་པོ་མཛད་ནས་༧མགོན་པོ་གང་ཉིད་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་སློབ་མ་ཞིག་ཡིན་སྟབས་༧གང་ཉིད་ས་གནས་གང་དུ་ཆིབས་བསྒྱུར་བསྐྱངས་པའམ་ཡང་ན་ཚན་རིག་པའི་ལྷན་དུ་མཇལ་འཕྲད་གནང་སྐབས་བོད་བརྒྱུད་ནང་བསྟན་རྒྱ་གར་ནང་བྱུང་སྐོར་འགྲེལ་བཤད་སྐྱོན་དུས་མི་མང་ཚོས་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དུས་རབས་བརྒྱད་པའི་སྐབས་བོད་ཀྱི་ཆོས་རྒྱལ་གྱིས་དཔལ་ཎ་ལན་དྲའི་གཙུག་ལག་སློབ་གཉེར་ཁང་ནས་མཁས་པའི་རྩེ་ཕུད་ཞིག་གདན་འདྲེན་ཞུས་པ་ལ་བརྟེན་ནས་བོད་ནང་ནང་ཆོས་དར་བ་དང་། ང་ཚོ་བོད་མི་ཚོས་དཔལ་ཎལན་དྲའི་ཆོས་བརྒྱུད་དེ་ལོ་༡༠༠༠་ལྷག་རིང་མི་ཉམས་རྒྱུད་འཛིན་ཞུས་ཡོད་ད་ཆ་རྒྱ་གར་གྱིས་དེ་དག་ཐོག་དོ་སྣང་མང་བ་བྱེད་དགོས་ལ་དེ་དག་སྐོར་སློབ་སྦྱོང་བྱས་པ་བརྒྱུད་ནས་རང་གི་འདས་པའི་ཤེས་ཡོན་ཁག་བསྐྱར་གསོ་གནང་དགོས་པ་སོགས་ཀྱི་བཀའ་སློབ་སྩལ་གནང་འདུག
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་(Pune)དང་དེའི་ཉེ་འཁོར་བོད་མི་སུས་ཚོང་བ་དང་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་གནད་དོན་ཐད་འགྱུར་བ་འགྲོ་ངེས་ཡིན་པ་སོགས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་མཛད་འདུག
དེ་བཞིན་འདི་ཚེས་༡༠་ཉིན་ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་ནང་གི་མཛད་འཕྲིན་ལེགས་པར་གྲུབ་ནས་ཕྱིར་རྡོ་རྗེ་གདན་དུ་ཞབས་སོར་འཁོད་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎