༧གོང་ས་མཆོག་ལཏ་ཝི་ཡའི་རྒྱལ་ས་རི་གྷ་ལ་ཞབས་སོར་བདེ་བར་འཁོད་འདུག


2018.06.15
༧གོང་ས་མཆོག་ལཏ་ཝི་ཡའི་རྒྱལ་ས་རི་གྷ་ལ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༨།༦།༡༥ ༧གོང་ས་མཆོག་ལཏ་ཝི་ཡའི་རྒྱལ་ས་རི་གྷ་ལ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༨།༦།༡༥
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ལི་ཐུཡེ་ནི་ཡའི་ནང་གི་མཛད་འཕྲིན་ལེགས་གྲུབ་གྱིས་ལཏ་ཝི་ཡའི་(Latvia)་རྒྱལ་ས་རི་གྷ་(Riga)ལ་ཞབས་སོར་འཁོད་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ཡུལ་གྲུ་ལི་ཐུཡེ་ནི་ཡའི་(Lithuania)རྒྱལ་ས་ཝིལ་ནིཡུསྀ་(Vilnius)ནང་མཛད་འཕྲིན་གྲུབ་རྗེས། ཕྱི་ཚེས་ ༡༥ ཉིན་ལཏ་ཝི་ཡའི་(Latvia)་རྒྱལ་ས་རི་གྷ་(Riga)་ལ་ཞབས་སོར་འཁོད་སྐབས། མི་གྲངས་༣༠༠ ལྷག་གིས་ཕེབས་བསུ་ཞུས་གནང་ཡོད་ཅིང་། ཕེབས་བསུར་བཅར་མཁན་ས་གནས་བེུད་ཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཞལ་མཇལ་གསུང་ཐོས་བྱུང་བར་ཧ་ཅང་དགའ་བོ་བྱུང་བ་གསུངས་འདུག
ད་རེས་༧གོང་ས་མཆོག་ཕེབས་བསུ་ཞུ་བར་བཅར་མཁན་མང་ཆེ་བ་སོག་རིགས་ཡིན་པ་དང་། མཛད་འཆར་ལྟར་ན། ཕྱི་ཚེས་ ༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་རིང་། ཡོ་རོབ་བྱང་རྒྱུད་ལཏ་ཝི་ཡའི་རྒྱལ་ས་རི་གྷའི་(Riga)ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་། རྟེན་འབྲེལ་བསྟོད་པ། རྡོ་རྗེ་གཅོད་པ་བཅས་ཀྱི་སྒོ་ནས་ཆོས་འབྲེལ་སྐྱོང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་མི་མང་ལ་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
དེ་ཡང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་། ཐེངས་འདིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཁུལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་བརྟེན་རུ་སུའི་མང་ཚོགས་སྤྱི་དང་། བྷལ་ཊིག་མངའ་ཁུལ་(Baltic States)གྱི་དད་ལྡན་མང་ཚོགས་རྣམས་ལ་ཆོས་འབྲེལ་གྱི་གོ་སྐབས་ཐོབ་པར་བརྟེན་ང་ཚོའི་སེམས་ནང་དགའ་ཚོར་ཧ་ཅང་སྐྱེ་བཞིན་འདུག ད་རེས་ནི་རུ་སུའི་དད་ལྡན་མང་ཚོགས་རྣམས་ལ་ཆོས་འབྲེལ་ཐེངས་བཞི་པ་ཆགས་ཡོད་པ་དང་། ལྷག་པར་ཆོས་འབྲེལ་ཙམ་མ་ཟད་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་ཆེ་གནང་མཛད་རྒྱུ་ཡིན་སྟབས་ཧ་ཅང་སྐལ་བ་བཟང་པོ་ཡིན་ཞིང་། རྡོ་རྗེ་གཅོད་པར་མཚོན་ན་ཁལ་མུཀ་(Kalmykia)དང་། ཐུ་ཝ། (Tuvans) བྷུར་ཡ་ཏི། (Buryats)བཅས་སུ་ནང་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཧ་ཅང་རྩ་ཆེན་པོར་བརྩི་བཞིན་ཡོད་པར་བརྟེན་ད་རེས་རྡོ་རྗེ་གཅོད་པའི་བཀའ་ཆོས་དེའང་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཆེས་བསོད་ནམས་ཀྱི་བགོ་སྐལ་ཞིག་ཡིན་པར་ང་ཚོ་ཚང་མས་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་འདུག
ཐེངས་འདིའི་ཆོས་འབྲེལ་གོ་སྒྲིག་ཞུ་མཁན་ལཏ་ཝི་ཡའི་(Latvia)བོད་སྐྱོབ་ཐེབས་རྩ་ཁང་ (Save Tibet Latvia)་དང་། རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་(Save Tibet Foundation Moscow)དེ་བཞིན་རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་བཅས་ཡིན་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎