༧གོང་ས་མཆོག་གིས་སྐུ་ཉིད་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཀའ་སྩལ་འདུག


2020.11.06
༧གོང་ས་མཆོག་གི་ཆོས་འབྲེལ་སྐབས་ཐོ་ཝ་(Tuva)སྤྱི་མཐུན་རྒྱལ་ཕྲན་གྱི་སྲིད་འཛིན་(Sholban Kara-ool)མཆོག ༡༡།༠༦།༢༠ ༧གོང་ས་མཆོག་གི་ཆོས་འབྲེལ་སྐབས་ཐོ་ཝ་(Tuva)སྤྱི་མཐུན་རྒྱལ་ཕྲན་གྱི་སྲིད་འཛིན་(Sholban Kara-ool)མཆོག ༡༡།༠༦།༢༠
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་རིམ་པས་རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་བཀའ་སྩལ་འདུག
དེ་ཡང་ཨུ་རུ་སུའི་ཆོས་ཞུ་བ་ཚོར་༧གོང་ས་མཆོག་གིས་སྤྱི་ཚེས་༥ནས་༧བར་ཉིན་གསུམ་རིང་། བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་བཀའ་ཆོས་གནང་བཞིན་པའི་ཉིན་གཉིས་པར། བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་མཇུག་སྒྲིལ་རྗེས། ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁོངས་ཀྱི་ཐོ་ཝ་(Tuva)སྤྱི་མཐུན་རྒྱལ་ཕྲན་གྱི་སྲིད་འཛིན་(Sholban Kara-ool)མཆོག་གིས། དེ་གའི་དགོན་པ་ཞིག་ལ་མཚན་གསོལ་སྩལ་ཡོང་བ་དང་། འབྱུང་འགྱུར་དགོན་པར་རབ་གནས་གནང་བར་ཆིབས་བསྒྱུར་ཡོང་རེ་སོགས་ཞུས་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཉིད་མ་འོངས་རིམ་པས་རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་། མ་འོངས་པར་རི་བོ་རྩེ་ལྔ་ལ་ཕེབས་ཐུབ་པ་ཡིན་ན། ཐོ་ཝ་ལའང་ཕེབས་ཐུབ་ངེས་རེད་ཅེས་བཀའ་སྩལ་སོང་།
ཡང་༧གོང་ས་མཆོག་གིས་སེམས་ལ་འགྱུར་བ་ཡར་རྒྱས་སུ་གཏོང་བ་སོགས་ཀྱི་གྲས་དང་། མི་ཡ་རབས་དགོས་པ་སོགས་དམིགས་བསལ་ཆོས་དང་འབྲེལ་བ་ཅི་མེད་པར། རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་དེ་ཧ་ཅང་ཡག་པོ་ཡོད་པས། ངོས་ནས་ཀྱང་གཙོ་བོ་དེ་བཤད་ཀྱི་ཡོད་པ་དང་། མི་རབས་རྒན་པ་ཚོས་འཛམ་གླིང་འདིར་རྙོག་གྲ་ཆེན་པོ་བཟོས་ཏེ་ད་ལྟ་ཡང་འཛིངས་མ་སངས་པར་བསྡད་ཡོད་པ་དང་། ད་ཆ་ང་ཚོས་རེ་བ་བརྒྱབ་ས་དེ་མི་རབས་གཞོན་པ་ཚོ་རེད་ཅེས་བཀའ་གནང་ཡོད།
གཞན་ཡང་བོད་ཀྱི་ཆོས་ལུགས་ནི་བསླབ་པ་སློབ་གཉེར་ལོ་ངོ་བཅུ་ཕྲག་མང་པོར་བྱས་ཏེ་བསམ་བློ་བཏང་བསྡད་པ་ཚོར་ཟེར་གྱི་ཡོད་པས། ཆོས་ངོ་མ་དེ་ངོ་ཤེས་རྒྱུ་གལ་ཆེན་པོ་རེད་ཅེས་དང་། སེམས་མ་དུལ་བའི་དབང་གིས་དཀའ་ངལ་མང་པོ་འཕྲད་ཡོང་གི་ཡོད་པས། སེམས་འདུལ་ཐབས་སུ་སེམས་ཁམས་རིག་པ་ལ་ཞིབ་འཇུག་གནང་དགོས་ཚུལ། ད་ལྟའི་(Covid-19)ཏོག་དབྱིབས་གཉན་རིམས་འདི་ནི་སྤྱི་ཡོངས་ནས་ང་ཚོའི་ཚེ་རབས་མང་པོའི་ལས་ངན་གྱི་འབྲས་བུ་ཡིན་པ་སྨོས་མ་དགོས་པ་དང་། ད་ལྟའི་དུས་ཚོད་ནི་མངོན་པ་མཛོད་དུ་མཚོན་གྱི་བསྐལ་བ་དང་། ནད་ཀྱི་བསྐལ་བ། མུ་གེའི་བསྐལ་བ་བཅས་གསུང་སྲོལ་ཡོད་པ་བཞིན། མཚོན་གྱི་བསྐལ་བ་ནི་དམག་ཆེན་དང་པོ་དང་གཉིས་པ་སོགས་ཡིན་ཁར། ད་ལྟ་ཡང་མཚོན་ཆ་བེད་སྤྱོད་ཀྱི་རྙོག་གྲ་མང་པོ་ཡོད་ཅིང་། ག་ལེར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དེ་མུ་གེ་དང་ནད་ཀྱི་བསྐལ་བ་ཡོང་གི་ཡོད་པས། ཏོག་དབྱིབས་ཀྱི་གཉན་རིམས་དེ་ཡང་ཕལ་ཆེར་ནད་ཀྱི་བསྐལ་བའི་མགོ་འཛུགས་ལྟ་བུ་ཞིག་ཕལ་ཆེར་མིན་ནམ་སྙམ་ཞེས་བཀའ་གནང་ཡོད།
སྤྱི་ཚེས་༨ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་(Seoul)དུ་འཚོག་བཞིན་པའི་ནང་པའི་དུས་སྟོན་ཆེན་མོའི་ཐོག ༧གོང་ས་མཆོག་གིས་བཀའ་སློབ་གསུང་འཕྲིན་སྩོལ་གནང་མཛད་རྒྱུ་ཡིན་ཅིང་། དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་བཤད་ན། འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སི་ཡོལ་ནང་པའི་དུས་སྟོན་ཆེན་མོའི་ཐོག་བཀའ་སློབ་སྩོལ་གནང་མཛད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎