༧གོང་ས་མཆོག་གིས་ཐེ་ཝན་གྱི་གནོད་ཐེབས་ས་ཁུལ་ལ་རོཊ་དངུལ།


2016.02.18
༧གོང་ས་མཆོག་གིས་ཐེ་ཝན་གྱི་གནོད་ཐེབས་ས་ཁུལ་ལ་རོཊ་དངུལ་གནང་ཐེ་ཝན་གྱི་ཚགས་པར་ནང་གནས་ཚུལ་ཐོན་པ། ༢༠༡༦།༢།༡༧ ༧གོང་ས་མཆོག་གིས་ཐེ་ཝན་གྱི་གནོད་ཐེབས་ས་ཁུལ་ལ་རོཊ་དངུལ་གནང་ཐེ་ཝན་གྱི་ཚགས་པར་ནང་གནས་ཚུལ་ཐོན་པ། ༢༠༡༦།༢།༡༧
tibet.net

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཐེ་ཝན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཐེ་ནན་དུ་ས་ཡོམ་གྱི་གོད་ཆགས་བྱུང་བར་ངལ་སེལ་རོགས་དངུལ་ཨ་སྒོར་ཁྲི་ལྔ་བསྩལ་གནང་བ་དེ། འདི་ཟླའི་ཚེས་༡༧ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ནན་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ལའེ་ཆིང་དྷ་དངོས་སུ་མཇལ་གནང་སྟེ་ངལ་སེལ་རོགས་དངུལ་དེ་ཕུལ་གནང་ཡོད་པ་རེད།  
གནས་ཚུལ་དེའི་སྐོར་ཐེ་ནན་ས་གནས་བརྒྱུད་ལམ་ཞིག་གི་ནང་དུའང་དེ་ཉིན་གསར་འགྱུར་ཐོན་ཡོད་པ་རེད་ལ་སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་ནས་ཐུགས་དགའ་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞེས་གསུངས་འདུག
ཟླ་བ་འདིའི་ཚེས་༦་ཉིན་ཐེ་ནན་དུ་ས་ཡོམ་ཤུགས་ཚད་དྲུག་ཚེག་བཞིན་ཅན་ཞིག་བརྒྱབ་ནས། མི་གྲངས་བརྒྱ་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། དེ་མིན་ས་ཁང་སོགས་གཏོར་བཤིག་ཤུགས་ཆེ་ཕྱིན་ཡོད་པ་རེད། ཐེ་ཝན་དུ་ས་ཡོམ་གྱི་གོད་ཆགས་བྱུང་མ་ཐག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀའི Minnesota མངའ་སྡེའི་Rochesterགྲོང་ཁྱེར་ནས་ཐེ་ཝན་མི་མང་རྣམས་ལ་ཐུགས་གསོ་དང་སྦྲགས་ཐུགས་སྨོན་རྒྱ་ཆེ་མཛད་གནང་ཡོད་པ་དང་། དེ་ཡང་༧གོང་ས་མཆོག་གིས་སྲིད་འཛིན་Ma Ying-Jeouམཆོག་བརྒྱུད་ནས་གོད་ཆག་ཕོག་པའི་ཐེ་ཝན་མི་མང་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པའི་ནང་། ༧གོང་ས་མཆོག་ཐུགས་ཕམ་ཧ་ཅང་བྱུང་བ་དང་། ས་ཡོམ་གྱི་གོད་ཆགས་དེའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་མཛད་པ་ཙམ་དུ་མ་ཟད།  སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཡིན་པའི་ནང་པ་ཡོངས་རྫོགས་ཀྱིས་ཤེས་རབ་སྙིང་པོ་གསུང་འདོན་གནང་ནས་ཐེ་ཝན་མི་མང་ཚོར་གདུང་སེམས་མཉམ་བསྐྱེད་གནང་དགོས་པའི་འབོད་སྐུལ་ཡང་མཛད་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎