བྱམས་བརྩེ་དང་སྙིང་རྗེ་གལ་ཆེ།


2013.05.20
བྱམས་སྙིང་རྗེ་ནི་ཞི་བདེའི་རྩ་བ་ཡིན། ༸གོང་ས་མཆོག་ནས་ཨ་རིའི་མངའ་སྡེ་ཀན་ཊ་ཀིའི་གྲོང་ཁྱེར་ལོ་བིསི་བིལ་དུ་མང་ཚོགས་༡༤༠༠༠བརྒལ་བར་བཀའ་སློབ་བསྩལ་གནང་ཡོད་པ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཁ་ས་ཨ་རིའི་མངའ་སྡེ་ཀན་ཊ་ཀིའི་གྲོང་ཁྱེར་Louisville ནང་ཡོད་པའི་KFC Yum ལྟེ་གནས་ཁང་དུ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཆིག་ཁྲི་བཞི་སྟོང་བརྒལ་བར་སྙིང་རྗེའི་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་ཕྱག་ཚོད་གཅིག་ཙམ་རིང་བཀའ་སློབ་བསྩལ་གནང་མཛད་པའི་སྐབས། སེམས་ཅན་ཐམས་ཅད་ཀྱི་རང་རྒྱུད་ལ་བྱམས་བརྩེ་དང་སྙིང་རྗེ་བསྐྱེད་རྒྱུ་ནི་གལ་ཆེན་པོ་ཡིན་པར་བརྟེན། གཤིས་རྒྱུད་བཟང་པོ་དེ་འཛམ་གླིང་ཀུན་ལ་ཁྱབ་པ་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག།
དེ་བཞིན་༧གོང་ས་མཆོག་གིས་སྙིང་རྗེ་ལྡན་པའི་དུས་རབས་ཤིག་བཟོ་རྒྱུར་དང་པོ་འགྲོ་བ་མི་རྣམས་སེམས་བཟང་པོ་བཟོ་དགོས་པ་དང་། ཞི་བདེ་བག་ཕེབས་ལྡན་པའི་འཛམ་གླིང་ཞིག་ཡོང་ཐབས་སུ། དང་པོ་མི་རེ་ངོ་རེའི་སེམས་ནང་སྙིང་རྗེ་བསྐྱེད་ཐུབ་པ་བཟོ་དགོས་ཀྱི་རེད་ཅེས་བཀའ་བསྩལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎