༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆོས་འབྲེལ་གནང་རྒྱུ།


2018.05.29
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
པར་ཚགས།

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆོས་འབྲེལ་གནང་འཆར་ཡོད་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་སུ་མཛད་འཆར་བཀོད་ཐོན་བྱུང་བར་གཞིགས་ན། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༦ ཚེས་ ༦ ནས་ ༨ བདུན་ཕྲག་རྗེས་མའི་གཟའ་ལྷག་པ་ནས་པ་སངས་བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་པ་ཚོར་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག
གཞན་ཡང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ནང་། ཕྱི་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ལི་ཐུ་ནི་ཡ་(Lithunia) ནང་ཝིལ་ནིསྀ་གཙུག་ལག་སློབ་གཉེར་ཁང་ནས་གདན་འདྲེན་ཞུས་དོན་ལྟར་ཁུལ་དེར་ཤེས་ཡོན་སློབ་གསོའི་ནང་མིའི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག དེ་ནས་ཚེས་བཅུ་བཞི་ཉིན་ས་ཁུལ་དེའི་ནང་ཡོད་པའི་བོད་ཀྱི་ཁང་པས་གོ་སྒྲིག་འོག་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང་། དེའི་རྗེས་སུ་ (Latvia) ལཏ་ཝི་ཡའི་ནང་ཆིབས་བསྒྱུར་གྱིས་ཚེས་བཅུ་དྲུག་ནས་བཅོ་བརྒྱད་བར་ཉིན་གྲངས་གསུམ་རིང་བོད་སྐྱོབ་ཅེས་པའི་ཚོགས་པ་གཉིས་དང་། བོད་ཀྱི་རིག་གཞུང་དང་དྲིལ་བསྒྲགས་བསྟི་གནས་ཁང་བཅས་ཐུན་མོང་ནས་གོ་སྒྲིག་འོག་རྟེན་འབྲེལ་བསྟོད་པ་དང་རྡོ་རྗེ་གཅོད་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། འཇམ་དཔལ་དབྱངས་ཀྱི་རྗེས་སྣང་སོགས་སྩོལ་གནང་མཛད་རྒྱུའི་མཛད་འཆར་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎