བོད་པའི་རིག་གཞུང་གོམས་གཤིས་མ་བརྗེད་པ་བྱེད་དགོས། ༧གོང་ས་མཆོག་གིས།


2018.05.18
༧གོང་ས་མཆོག་གིས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཇལ་ཁ་གནང་སྐབས། ༢༠༡༨།༥།༡༨ ༧གོང་ས་མཆོག་གིས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཇལ་ཁ་གནང་སྐབས། ༢༠༡༨།༥།༡༨
OHHDL

༧གོང་ས་མཆོག་གིས་ས་ཆ་གང་དུ་སླེབས་ཀྱང་བོད་པའི་རིག་གཞུང་གོམས་གཤིས་མ་བརྗེད་པ་བྱེད་དགོས་ཅེས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རུ་ཁག་དབྱིན་ཡུལ་གྱི་ནང་ ཀོ་ནི་ཧྥ་ཞེས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འགྲན་བསྡུར་ནང་ཚུད་པ་དང་། ཁོང་ཚོ་མ་ཐོན་སྔོན་ཟླ ༥ ཚེས ༡༨ ཉིན། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།   ༧གོང་ས་མཆོག་གིས་ཁྱེད་ཚོ་ས་གནས་གང་དུ་བསླེབ་ཀྱང་བོད་པའི་རིག་གཞུང་གོམས་གཤིས་འདི་འཁྱེར་ནས་འགྲོ་རྒྱུ་མ་བརྗེད་པ་བྱེད་དགོས་ཅེས་དང་། རྩེད་འགྲན་ལ་འགྲོ་སྐབས་སོ་སོའི་ཆེད་ལས་ཀྱི་རང་བཞིན་ལྟར་རང་གི་ངོ་བོ་མཚོན་ཐུབ་པ་བྱ་རྒྱུའི་རྒྱུན་ལྡན་འགྲོ་སྟངས་ཤིག་ཡོད་ལ། དེ་དང་མཉམ་དུ་བོད་མིའི་གཤིས་ཀ་དེའང་མངོན་ཐུབ་པ་བྱེད་དགོས། ས་ཆ་གང་དུ་བསླེབ་ཀྱང་ང་ཚོ་བོད་མི་རིགས་ཀྱི་ཆེ་མཐོང་དང་ལ་རྒྱ་ལ་སྨིན་པའི་ལས་དག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པ་ཚོ་ནི་བྱམས་བརྩེ་གཞི་ལ་བཞག་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡོད་མཁན་སྤོབས་པ་བྱེད་འོས་པའི་མི་རིགས་ཤིག་རེད་ཅེས་སོགས་བཀའ་སློབ་བསྩལ་འདུག
དབྱིན་ཡུལ་དུ་ཀོ་ནི་ཧྥ་རྒྱལ་སྤྱིའི་རྐང་རྩེད་པོ་ལོའི་འགྲན་བསྡུར་དེ་ཕྱི་ཟླ་ ༥ ཚེས་ ༣༡ ནས་ ཕྱི་ཟླ་ ༦ ཚེས་ ༡༠ བར་གཉེར་རྒྱུ་ཡིན་འདུག་ཅིང་། འཛམ་གླིང་ས་ཁུལ་འདྲ་མིན་ནས་རྩེད་འགྲན་རུ་ཁག་ ༡༦ མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎