༧གོང་ས་མཆོག་གིས་མུམ་བྷེར་ཆོས་འབྲེལ་དབུ་བཙུགས་གནང་བ།
2014.05.30

༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེར་ཉིན་གྲངས་བཞིའི་རིང་ཆོས་ཕྱོཊ་ཀྱི་མཛད་འཆར་དབུ་བཙུགས་གནང་འདུག
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༣༠ཉིན་གོང་ས་མཆོག་གིས་རྒྱ་གར་གྲོང་ཁྱེར་མིམ་བྷེར་ཡོད་པའི་སོ་མ་ཡའི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་ནང་པའི་དད་ལྡན་པ་ཁག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་ཆོས་འབྲེལ་གསུངས་ཆོས་དབུ་བཙུགས་གནད་ཡོད་པ་དང་། ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་ཀྱི་མཛད་འཆར་ཁར་༧གོང་ས་མཆོག་ནས་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོ་དང་གཞི་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོར་བླང་དོར་གྱི་བཀའ་སློབ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡང་ཡོད་འདུག
ཐེངས་འདིའི་༧གོང་ས་མཆོག་གི་མུམ་བྷེ་གྲོང་ཁྱེར་གྱི་མཛད་འཆར་དང་སྟབས་བསྟུན། སོ་མི་ཡ་མཐོ་སློབ་ནང་བོད་ཀྱི་འགྲེམས་སྟོན་ཞིག་ཀྱང་གོ་བསྒྲིགས་ཞུ་གིན་ཡོད་ཅིང་། དུས་སྟོན་དེའི་ཐོག་རྡུལ་མཚོན་དཀྱིལ་འཁོར་དང་། མར་མཚོན་མཆོད་པ་བཞེངས་རྒྱུ། སྐུ་ཐང་དང་། ཤིང་བསྐོས། བོད་སྨན། དཔེ་དེབ་དང་འདྲ་པར། གློག་བརྙན་སོགས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་སྐོར་གཟིགས་འབུལ་དང་འགྲེམས་སྟོན་གནང་གི་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
2014-05-29
༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེར་ཉིན་གྲངས་བཞིའི་རིང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་རྟེན་གཞི་བྱས་པའི་Nalanda Shikshaའམ་ན་ལེན་ཊ་སློབ་གཉེར་ལྷན་ཚོགས་ཞེས་པ་དང་། སོ་མེཡིཡ་མཐོ་རིམ་སློབ་གྲྭ་གཉིས་ཐུན་མོང་གིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་དང་སྐུ་འཁོར་བཅས་དེ་རིང་སྤྱི་ཟླ་༥ཚེས་༢༩ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་སྒྱུར་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་མུམ་བྷེ་རུ་སྤྱི་ཟླ་༥ཚེས་༣༠་ནས་ཟླ་༦ཚེས་༢བར་ཉིན་གྲངས་བཞིར་བཞུགས་རྒྱུན་རིང་། ན་ལེན་ཌ་སློབ་གཉེར་ལྷན་ཚོགས་ཞེས་པ་དང་སོ་མེཡི་ཡ་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་ནང་པའི་དད་ལྡན་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་རིམ་སློབ་གྲ་ཁག་གི་སློབ་མ་ཚོ་དང་གཞི་རིམ་སློབ་གྲ་ཁག་གི་སློབ་མ་སོ་སོར་བླང་དོར་གྱི་བཀའ་སློབ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག
ཡང་ད་རེས་ཀྱི་ཆིབས་བསྒྱུར་སྐབས་དམིགས་བསལ་རྒྱ་གར་གྱི་ཚོང་པ་མི་སྣ་ཆེ་གྲས་ལྔ་བཅུ་ཙམ་དང་མཇལ་འཕྲད་གནང་རྒྱུ་དང་། སོ་མཡེ་ཡ་མཐོ་རིམ་སློབ་གྲས་དམིགས་བསལ་ནང་ཆོས་སློབ་གཉེར་ཁང་ཞིག་གསར་རྒྱག་གནང་འཆར་ཡོད་པ་དེའི་རྩིག་གཞིའི་བྱིན་རླབས་ཀྱང་གནང་རྒྱུའི་མཛད་འཆར་ཡོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༦ཚེས་༣ཉིན་བཞུགས་སྒར་རྡ་རམ་ས་ལར་སླར་ཞབས་སོར་འཁོད་རྒྱུ་དང་། ཕྱི་ཚེས་༤ནས་ཉིན་གྲངས་གཉིས་རིང་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།
2014-05-27
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་མུམ་བྷེ་གྲོང་ཁྱེར་ལ་ཕེབས་རྒྱུ་ཡིན་པ་དང་། དེར་ཆོས་འབྲེལ་གསུང་ཆོས་དང་བཀའ་སློབ་སོཊ་ཀྱི་མཛད་འཆར་ཡོད་པ་རེད།
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འདི་གར་ངོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་ ༥ཚེས་༣༠ནས་ཟླ་༦ཚེས་༢བར་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་མུམ་བྷེ་གྲོང་ཁྱེར་ལ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་གིས་གཙོ་བོ་རྒྱ་གར་གྱི་ནང་པ་ཁག་ཅིག་ལ་ཆོས་འབྲེལ་གསུང་ཆོས་དང་། སློབ་ཕྲུག་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་རྒྱུའི་ཆེད་ཕྱི་ཚེས་༢༩ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་གནང་རྒྱུ་ཡིན་པ་རེད།
ཐེངས་འདིའི་ཆིབས་བསྒྱུར་འདི་བཞིན་ན་ལེན་ཌ་སློབ་གཉེར་ལྷན་ཚོགས་ཞེས་པ་དང་། སོ་མེཡི་ཡ་མཐོ་རིམ་སློབ་གྲྭ་ཐོུང་ནས་གོ་བསྒྲིགས་ཞུས་པ་ཞིག་ཡིན་འདུག་ཅིང་། ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་དང་། དེ་ནས་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོ་དང་གཞི་རིམ་སློབ་གྲྭ་ཁག་གི་སློབ་མ་སོ་སོར་བླང་དོར་གྱི་བཀའ་སློབ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག་ལ། ད་དུང་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་པར་གཞིགས་ན་ད་རེས་ཀྱི་ཆིབས་བསྒྱུར་སྐབས་དམིགས་བསལ་རྒྱ་གར་གྱི་ཚོང་ལས་མི་སྣ་ཆེ་གྲས་ལྔ་བཅུ་ཙམ་དང་མཇལ་འཕྲད་གནང་རྒྱུ་དང་། སོ་མཡེ་ཡ་མཐོ་རིམ་སློབ་གྲྭས་དམིགས་བསལ་ནང་ཆོས་སློབ་གཉེར་ཁང་ཞིག་གསར་རྒྱག་ཞུ་འཆར་ཡོད་པ་དེའི་རྩིག་གཞིའི་བྱིན་རླབས་ཀྱང་གནང་རྒྱུ་ཡིན་འདུག
དེ་ནས་སྤྱི་ཟླ་༦ཚེས་༣ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་རྒྱུ་དང་། ཕྱི་ཚེས་ ༤ནས་ཉིན་གྲངས་གཉིས་རིང་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་གསར་པ་སྐུ་ཞབས་ན་རེན་དྷརཱ་མོ་དྷི་མཆོག་དང་མཇལ་འཕྲད་གནང་རྒྱུའི་དུས་ཚེས་གཏན་འཁེལ་མེད་ཀྱང་རིང་མིན་མཇལ་འཕྲད་ཞུ་རྒྱུ་ངེས་པ་ཡིན་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།