༧གོང་ས་མཆོག་མོན་རྟ་དབང་ལ་ཆིབས་བསྒྱུར་གནང་འཆར་འདུག


2016.10.10
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་གནད་ཡོད་མི་སྣ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་སྐབས། ༢༠༡༦།༡༠།༠༩ ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་གནད་ཡོད་མི་སྣ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་སྐབས། ༢༠༡༦།༡༠།༠༩
PK/FB

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་མོན་རྟ་དབང་ལ་ཆིབས་བསྒྱུར་གནང་རྒྱུ་རེད།
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་བདུན་ཕྲག་གཉིས་པའི་ནང་༧མགོན་པོ་གང་ཉིད་རྒྱ་གར་བྱང་ཕྱོགས་མངའ་སྡེ་Arunachal་འམ་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་འཆར་འདུག
དེ་ཡང་ཚེས་༡༠་ཉིན་The Arunachal Times་ཞེས་ས་གནས་ཀྱི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་དུས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་སྐབས། བཞུགས་གནས་མགྲོན་ཁང་ལ་ཆེད་ཕེབས་གནང་བ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་ལྷན་དུ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་TN Thongdok་མཆོག་དང་། སྤྱི་ཁྱབ་བློན་ཆེན་སྐུ་གཞོན་Chowna Meinམཆོག བློན་ཆེན་Rajesh Tacho་མཆོག གྲོས་ཚོགས་ཀྱི་དྲུང་ཆེ་Jamey Tashi མཆོག་དང་ཕུར་པ་ཚེ་རིང་མཆོག པ་སངས་རྡོ་རྗེ་སོ་ན་མཆོག་དང་གྲོས་ཚོགས་འཐུས་མི་Japu Deru་མཆོག Jampey Wangdi་མཆོག་དང་Tungri Effa་མཆོག་བཅས་མཇལ་ཁ་ཞུ་བར་བཅར་སྐབས་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྐལ་བཟང་གི་གོ་སྐབས་དེ་བཟུང་ནས་༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་གིས་མངའ་སྡེའི་མི་མང་རྣམས་ལ་སྦྱིན་རླབས་ཆེ་གནང་ཡོང་བའི་གསོལ་འདེབས་ཞུས་པ་དང་། ༧གོང་ས་མཆོག་མངའ་སྡེ་དེའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུར་སྐོམ་པ་ཆུ་འདོད་ལྟར་ངང་སྒུག་ཞུ་རྒྱུ་ཡིན་སྐོར་སྙན་སེང་ཞུས་པ་མ་ཟད། ཁོང་གིས་ཨ་རུ་ན་ཅལ་མངའ་སྡེའི་མི་མང་རྣམས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་ཐུགས་ཀྱི་བཞེས་དགོངས་ཐ་དག་བེད་མེད་ལྷུན་འགྲུབ་ཡོང་བའི་གསོལ་འདེབས་ཞུས་པ་ཁག་ཀྱང་སྙན་སེང་ཞུས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དབུས་པའི་སྐུ་ཚབ་འཐུས་མི་རྣམས་ལ། ཁོང་རྣམས་མི་མང་གི་ཞབས་འདེགས་ཞུ་མཁན་ཡིན་སྟབས་མང་ཚོགས་དང་འབྲེལ་བ་གནང་དུས་བྱམས་དང་སྙིང་རྗེ་ལག་ལེན་གནང་དགོས་པ་དང་། མང་ཚོགས་ཀྱི་མངོན་འདོད་གྲུབ་དགོས་པའི་བཀའ་སློབ་ལམ་སྟོན་མཛད་པ་དང་། ཡང་དེང་སྐབས་འཛམ་གླིང་ནང་སྡང་འཛིན་ཇེ་ཆེར་འགྲོ་བཞིན་པ་དེར་༧མགོན་པོ་གང་ཉིད་ཐུགས་ཕམ་ཆེན་པོ་ཡོད་པ་དང་། ཆོས་ལུགས་གང་གིས་ཀྱང་མི་གཞན་ལ་གནོད་སྐྱེལ་རྒྱུའི་སློབ་གསོ་སྐྱོན་གྱི་མེད་པ་དང་། ནང་སེམས་ལ་ཞི་བདེ་བསྐྲུན་ཐབས་སུ་ཞི་བདེ་དང་བྱམས་དང་སྙིང་རྗེ་ལག་ལེན་བསྟར་དགོས་པའི་བཀའ་སློབ་གནང་བའི་རྗེས་སུ་༧མགོན་པོ་གང་ཉིད་ལ་མགྲོན་འབོད་ཞུས་པ་ལྟར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། གནས་སྐབས་རིང་དུས་ཚོད་དེ་ཡང་ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་གསུམ་པའི་བདུན་ཕྲག་གཉིས་པའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་དུས་ཚོད་ཡང་སྩལ་གནང་མཛད་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎