བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དབྱིན་ཡུལ་ལ་ཕེབས་རྒྱུ།


2015.09.08
༧གོང་ས་མཆོག་དབྱིན་ཡུལ་གྱི་Glastonburyརོལ་དབྱངས་འདུ་འཛོམས་སྟེང་། ༢༠༡༥།༦།༢༨ ༧གོང་ས་མཆོག་དབྱིན་ཡུལ་གྱི་Glastonburyརོལ་དབྱངས་འདུ་འཛོམས་སྟེང་། ༢༠༡༥།༦།༢༨
dalailama.com

༧གོང་ས་མཆོག་དབྱིན་ཡུལ་ལ་ཕེབས་ནས་ཉིན་གྲངས་དགུའི་རིང་ས་གནས་འདྲ་མིན་ལ་མཛད་འཆར་སྣ་ཚོགས་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༧ཉིན་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་༧གོང་ས་མཆོག་གི་མཛད་འཆར་སྙིང་བསྡུས་ཤིག་གསལ་བསྒྲགས་གནང་བའི་ནང་། ༧གོང་ས་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༤ནས་༢༢བར་དབྱིན་ཡུལ་དུ་ཉིན་གྲངས་༩་བཞུགས་ཞག་རིང་ལ་དབྱིན་ཡུལ་གྱི་གྲོང་ཁྱེར་Oxfordདང། Cambridge, རྒྱལ་ས་ལོན་ཊོན་ནང་བཅས་ནང་མཛད་འཕྲིན་བསྐྱང་གནང་རྒྱུའི་མཛད་འཆར་ཡོད་པ་དང་། ཟླ་བ་འདིའི་ཕྱི་ཚེས་༡༤ཉིན་གསར་འགོད་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་རྒྱུ་དང་། དེ་ནས་ཏཱ་ལའི་བླ་མའི་བྱམས་བརྩེ་ལྟེ་གནས་ཁང་དུ་མཇལ་ཁ་སྩལ་རྒྱུ་ཡིན་པ་རེད།
༧གོང་ས་མཆོག་གི་མཚན་ཐོག་གི་བྱམས་བརྩེ་ལྟེ་གནས་ཁང་དེ་ཡི་དམིགས་ཡུལ་གཙོ་བོ་ནི། ༧གོང་ས་མཆོག་གི་བྱམས་བརྩེའི་དགོངས་གཞི་དེར་ཡིད་སྨོན་ཆེན་པོ་བྱུང་སྟེ་བྱམས་བརྩེ་ནི་ལྟེ་གནས་ཁང་དེའི་བཟང་སྤྱོད་ཀྱི་རྨང་གཞི་འཛིན་ས་རྐང་ཞིག་ཡིན་པ་རེད།   
དེ་རྗེས་ཕྱི་ཚེས་༡༦དང་༡༧ ཉིན་གཉིས་ལ་དབྱིན་ཇིའི་སྐད་གྲགས་ཆེ་བའི་Cambridgeགཙུག་ལག་སློབ་གཉེར་ཁང་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཆོས་ལུགས་རྣམ་གཞག་མཁས་པ་དང་སྙན་ངག་པ་དབྱིན་ཡུལ་གྱི་ཆོས་དཔོན་སྐུ་ཞབས་Rowan Williamsརྣམ་གཉིས་ཀྱིས་དབུ་ཁྲིད་དེ་ཚན་རིག་པ་དང་། རྩོམ་བྲིས་པ་། ཚོང་ལས་པ་། གྲུབ་ལྟ་སྨྲ་བ་པོ་། སློབ་ཕྲུག་སོགས་དང་བགྲོ་གླེང་མཛད་རྒྱུ་ཡིན་པ་དང་། དེ་ནས་༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་སྟེ་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་། དབྱིན་ཇིའི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Fabian Hamiltonཡིན་པ་དང་། ཁོང་གིས་དབུ་ཁྲིད་དེ་དབྱིན་ཇིའི་གྲོས་ཚོགས་ནང་བོད་དོན་ཐད་ལ་བགྲོ་གླེང་ཆེན་པོ་གཉིས་གནང་མྱོང་ཡོད་པ་རེད།
དེ་ནས་ཕྱི་ཚེས་༡༩ ཉིན་༧གོང་ས་མཆོག་གིས་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་རྒྱུ་དང་། བཀའ་སློབ་གྲུབ་པའི་རྗེས་ལ་སེམས་ཁམས་རིག་པ་བ་དང་། སེམས་ཀྱི་ཚོར་བའི་ཐོག་ལ་ཞིབ་འཇུག་གནང་མཁན་མཁས་པ་Daniel Golemanཞུ་བས་སྣེ་ཁྲིད་དེ་༧གོང་ས་མཆོག་ལ་དྲི་བ་འདྲི་ལན་མཛད་རྒྱུ་ཡིན་ཞིང་། ཕྱི་ཚེས་༢༡ ཉིན་འཛམ་གླིང་ཞི་བདེའི་ཉིན་མོ་འཁེལ་བར་བརྟེན་ནས་། བདེ་སྐྱིད་ཆེད་དུ་བྱ་སྤྱོད་ལག་བསྟར་བྱ་དགོས་ཞེས་པའི་ཚོགས་པས་གོ་བསྒྲིགས་གནང་བའི་ལྷན་ཚོགས་ཐོག་ལ་། བདེ་སྐྱིད་ཇི་ལྟར་སྐྲུན་ཐབས་དང་། འཛམ་གླིང་བདག་སྐྱོང་བྱེད་སྟངས་སྐོར་ལ་གཏམ་བཤད་གནང་མཁན་སྐད་གྲགས་ཅན་གྱི་ལྷན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་གནང་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎