༧གོང་ས་མཆོག་གིས་དབྱིན་ལན་གྱི་ཤེས་ཡོན་དང་ཚོང་ལས་སྐུ་ཚབ་ཚོཊ་ཆུང་ཞིག་ལ་མཇལ་མོལ།


2018.10.26
༧གོང་ས་མཆོག་གིས་དབྱིན་ལན་གྱི་ཤེས་ཡོན་དང་ཚོང་ལས་སྐུ་ཚབ་ཚོཊ་ཆུང་ཞིག་ལ་མཇལ་མོལ་སྐབས། ༢༠༡༨།༡༠།༢༦ ༧གོང་ས་མཆོག་གིས་དབྱིན་ལན་གྱི་ཤེས་ཡོན་དང་ཚོང་ལས་སྐུ་ཚབ་ཚོཊ་ཆུང་ཞིག་ལ་མཇལ་མོལ་སྐབས། ༢༠༡༨།༡༠།༢༦
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ལན་གྱི་ཤེས་ཡོན་དང་ཚོང་ལས་སྐུ་ཚབ་ཚོགས་ཆུང་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་འདུག
དེ་ཡང་ཟླ་ ༡༠ ་པའི་ཚེས་ ༢༦ ་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། དབྱིན་ཇིའི་ཤེས་ཡོན་དང་ཚོང་ལས་གཉེར་མཁན་མི་བདུན་ལས་གྲུབ་པའི་ཚོགས་ཆུང་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་དང་། མཇལ་ཁའི་རྗེས་སུ། ༧གོང་ས་མཆོག་ལ་མཇལ་ཐུབ་པར་ཧ་ཅང་གིས་དགའ་བོ་བྱུང་། མཇལ་ཁ་མ་ཞུས་གོང་ང་ཚོས༧གོང་ས་མཆོག་ལ་བཀའ་འདྲི་ཅི་ཞིག་བྱེད་དགོས་པའི་སྐོར་བཀའ་བསྡུར་བྱས་པ་ཡིན། ༧གོང་ས་མཆོག་གི་ལམ་སྟོན་ལས་བྱམས་སྙིང་རྗེ་དང་འགྲོ་བ་མིའི་རང་གཤིས་ཐོག་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་འགྲེལ་བརྗོད་གནང་འདུག
དེ་མིན་དབྱིན་ཇིའི་ཤེས་ཡོན་དང་ཚོང་པའི་ཚོགས་ཆུང་དེའི་མི་གཞན་རྣམས་ལ་ཐུན་མོང་གི་ཚོར་བ་ཞིག་བྱུང་བ་ནི། མི་ཚང་མར་བྱུང་བའི་ཚོར་བ་ནང་བཞིན། ༧གོང་ས་མཆོག་གི་ཞལ་རས་མཇལ་དུས། བཤད་མི་ཤེས་པའི་དམིགས་བསལ་གྱི་ཚོར་བ་བྱུང་བ་དང་། སེམས་སུ་སྤྲོ་བ་ཆེན་པོས་ཁེངས་སོང་ཞེས་བརྗོད་འདུག
དབྱིན་ཇིའི་ཤེས་ཡོན་དང་ཚོང་ལས་གཉེར་མཁན་བཅས་ཀྱིས་གྲུབ་པའི་ཚོགས་ཆུང་དེས་མ་འོངས་པར་བོད་མི་དང་བོད་དོན་ལ་རོགས་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཨྱོན་བསྟན་འཛིན་དང་། ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎