༧གོང་ས་མཆོག་གིས་Vietnamགྱི་ཚོང་པའི་སྐུ་ཚབ་དང་མཇལ་འཕྲད།


2015.05.15
༧གོང་ས་མཆོག་Vietnamགྱི་ཚོང་པའི་སྐུ་ཚབ་དང་མཇལ་འཕྲད་སྐབས། ༢༠༡༥།༥།༡༥ ༧གོང་ས་མཆོག་Vietnamགྱི་ཚོང་པའི་སྐུ་ཚབ་དང་མཇལ་འཕྲད་སྐབས། ༢༠༡༥།༥།༡༥
སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་Vietnamགྱི་སྒེར་བདག་ཚོང་ལས་སྡེ་ཚོགས་ཀྱི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་གནང་འདུག
དེ་ཡང་ཁ་ས་ཚེས་༡༥ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་Vietnam CEO Clubའམ་Vietnamགྱི་ཚོང་དོན་ཁེ་ལས་སྡེ་ཚོགས་ཀྱི་སྐུ་ཚབ་ཚོགས་མི་༡༡༢ལྷན་དང་མཇལ་འཕྲད་གནང་ཡོད་པ་དང་། Vietnamགྱི་ཚོང་དོན་ཁེ་ལས་ཀྱི་སྐུ་ཚབ་དེའི་ནང་། བརྒྱ་ཆ་༦༠བེུད་དང་བརྒྱ་ཆ་༤༠སྐྱེས་པ་ཡིན་འདུག་ལ་དེའི་ཁོངས་ནས་མང་ཆེ་བ་བཞུགས་སྒར་དུ་ཕེབས་པ་ད་རེས་ཐོག་མ་ཡིན་འདུག ཕོ་བྲང་གཟིམས་ཆུང་ནང་མཇལ་འཕྲད་སྐབས་Vietnamཚོང་ལས་སྡེ་ཚོགས་ཀྱི་སྐུ་ཚབ་རྣམས་ནས་དབྱིན་ཡིག་དང་། Vietnamསྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆ་དཔེ་གླེགས་བམ་གཉིས་༧གོང་ས་མཆོག་ལ་ཕྱག་རྟགས་ཀྱི་ཚུལ་དུ་ཕུལ་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱོད་འཇུག་གི་ཆ་དཔེ་དེ་༡༩༦༧ལོར་ཁུ་ནུ་བླ་མ་རིན་པོ་ཆེས་ ༧གོང་ས་མཆོག་ལ་དཔེ་ཁྲིད་གནང་པའི་ཐོག་སྤྱོད་འཇུག་དེ་གཞན་ལ་གང་མང་དཔེ་ཁྲིད་གནང་དགོས་གལ་གསུངས་པར་ལྟར་༧གོང་ས་མཆོག་ནས་སྤྱོད་འཇུག་དཔེ་ཁྲིད་གང་མང་གནང་ཐབས་ཀྱི་འབད་བརྩོན་གནང་བཞིན་པ་དང་། སྤྱོད་འཇུག་གིས་སེམས་བཅོས་ཐབས་ལ་ཕན་རླབས་ཆེན་ཡོད་པའི་སྐོར་བཀའ་སྩལ་གནང་འདུག
མཇལ་འཕྲད་དེའི་ཐོག་Vietnamགྱི་ཚོང་པའི་སྡེ་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་༧གོང་ས་མཆོག་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབ་དང་། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དེ་དག་ལ་བཅོས་ཐབས་ཀྱི་ཐབས་ཤེས། དེ་བཞིན་བློ་སྦྱོང་ཚིག་བརྒྱད་མའི་ཚིག་བཅད་ལྔ་པ་དང་། དྲུག་པའི་ནང་དོན་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་དེ་དག་ལ་བཀའ་ལན་ཞིབ་ཕྲ་མཛད་འདུག ཡང་དྲི་བར་འདྲི་ལན་གྱི་མཛད་རིམ་དེའི་ཐོག་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་Vietnamནང་། རང་ཤི་རྒྱབ་མཁན་གྱི་ཚད་གཞི་མཐོ་དམན་དང་། རྒྱལ་ཁབ་ནང་ལྐོག་ཟ་རུལ་སུངས་ཀྱི་ཁྱབ་ཚད་དང་། དབུལ་ཕྱུག་གི་བར་ཁྱད་ཆེ་ཆུང་སོགས་ཀྱི་སྐོར་དྲིས་རྩད་གནང་འདུག་ཅིང་། Vietnamགྱི་སྐུ་ཚབ་རྣམས་ནས་རང་ཤི་རྒྱབ་མཁན་གྱི་གནས་ཚུལ་ཉུང་ཤས་ལས་མེད་ཀྱང་རྒྱལ་ཁབ་ནང་ལྐོག་ཟའི་གནས་ཚུལ་རྒྱ་ཁྱབ་ཡིན་པ་དང་། དབུལ་ཕྱུག་གི་བར་ཁྱད་ཡང་ཆེན་པོ་ཡོད་པ་འགྲེལ་བརྗོད་ཞུས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎