ཞི་བདེའི་ལྷན་ཚོཊ་རཱོམ་ནས་ཚོགས་གནང་རྒྱུ།


2014.11.11
༧གོང་ས་མཆོག་དབུ་བཞུཊ་ཞི་བདེའི་ལྷན་ཚོཊ་རཱོམ་ནས་ཚོགས་རྒྱུ་བྱས་བའི་རྗེས། ༧གོང་ས་མཆོག་དབུ་བཞུཊ་ཞི་བདེའི་ལྷན་ཚོཊ་རཱོམ་ནས་ཚོགས་རྒྱུ་བྱས་བའི་རྗེས།
འཇིགས་མེད་ཨྱོན།

ལྷོ་ཨ་ཧྥེ་རི་ཀ་ནས་ཚོགས་མ་ཐུབ་པའི་ཞི་བདེའི་ལྷན་ཚོགས་ཐེངས་བཅུ་བཞི་བ་མི་རིང་བར་ཨི་ཊ་ལི་རྒྱལ་ས་རཱོམ་ནས་ཚོགས་གནང་རྒྱུ་བྱས་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལས་གྲུབ་པའི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་༡༤པ་དེ་ཐོག་མའི་འཆར་གཞི་ལྟར་ན། ཕྱི་ཟླ་༡༠པའི་ནང་ལྷོ་ཨཧྥེ་རི་ཀའི་གྲོང་ཁྱེར་Cape townནང་ཚུགས་གནང་རྒྱུ་ཡིན་ཡང་། ལྷོ་ཨ་ཧྥེ་རི་ཀ་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་པར་བརྟེན་ལྷན་ཚོགས་ཕྱིར་འཐེན་གནང་ནས་རིང་མིན་ཕྱི་ཟླ་༡༢ཚེས་༡༢ནས་༡༥བར་ཨི་ཊ་ལིའི་རྒྱལ་ས་རཱོམ་དུ་ཚུགས་གནང་རྒྱུ་ཡིན་པའི་སར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་གསུངས་ཡོད།
སྔོན་གྱི་འཆར་གཞི་ལྟར་ན། ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སན་མན་ཌེ་ལ་དམ་པ་དེ་ཉིད་ལ་རྗེས་དྲན་ཞུ་ཆེད། ཕྱི་ཟླ་༡༠པའི་ནང་གི་ལྷན་ཚོགས་དེར་༧གོང་ས་མཆོག་གདན་ཞུ་གནང་ཡོད་རུང། ལྷོ་ཨཧྥེ་རི་ཀའི་སྲིད་འཛིན་Jacob Zumaཡི་དབུ་ཁྲིད་པའི་གཞུང་ནས་རྒྱ་ནག་གི་གནོན་ཤུགས་འོག་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་པ་དང། དེས་རྐྱེན་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁག་ཅིག་གིས་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་རྗེས་ལྷན་ཚོགས་དེ་ཕྱིར་འཐེན་གནང་དགོས་བྱུངབ་རེད། དེའི་ཐད་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ཕྱི་ཟླ་༩པའི་འགོ་སྟོད་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོར་ལྷོ་ཨཕ་རི་ཀའི་ལྷན་ཚོགས་དེའི་ཐོག་ཕེབས་རྒྱུ་མིན་པའི་ཞུ་སྐུལ་གྱི་སྙན་ཞུའི་ཐོག་འཛམ་གླིང་ཁྱོན་ཡོངས་ནས་ས་རྟགས་ཁྲི་གཅིག་ཙམ་བསྡུ་རུབ་གནང་བ་དང། ལྷན་ཚོགས་དེ་Romeདུ་གནས་སྤོས་དགོས་རྒྱུའི་འབོད་སྐུལ་གྱི་ལས་འགུལ་སྤེལ་གནང་བར་དོན་འབྲས་སོན་པ་དེ་ནི་ཞི་བདེ་དང་དྲང་བདེན་ལ་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་སྐོར་ཚོགས་པའི་ཚོགས་གཙོ་འཇིགས་མེད་ཨྱོན་ལགས་ཀྱིས་དགའ་བསུ་ཞུས་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎