༧གོང་ས་མཆོག་གི་མཛད་འཆར་ལ་ཅུང་འགྱུར་བ་ཕྱིན་པ།


2015.12.04
༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་ཐོན་གནང་བཞིན་པ། ༢༠༡༥།༡༢།༤ ༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་ཐོན་གནང་བཞིན་པ། ༢༠༡༥།༡༢།༤
བསྟན་འཛིན་དོན་ཡོད། RFA

བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་ཐོན་གནང་ཡོད་པ་རེད།        
དེ་ཡང་དེ་རིང་ཚེས༤ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས། གྷ་གྷིལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཆེད་ཕེབས་ཡོད་པ་དང་། འདི་གའི་གསར་འགོད་པས་བཏང་བའི་གནས་ཚུལ་ལྟར་ན། འདི་ཟླའི་ཚེས་༥ནས་ཉིན་གྲངས་གསུམ་རིང་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་དང་། ༧གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་རྒྱུད་སྨད་གྲ་ཚང་གི་མཛད་འཆར་ལ་ཕྲན་བུའི་འགྱུར་བ་ཕྱིན་པའི་ཚབ་ཏུ་ཕྱི་ཚེས་༨ཉིན་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དགའ་ལྡན་དུ་ཆིབས་གནང་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་འདུག
དེ་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཁོངས་སུ་ཡོད་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ། རྟེན་འབྲེལ་བསྟོད་པ་དང་རྟོགས་བརྗོད་འདུན་ལེགས་མ། ལྷ་ཁྲིད་དྲན་པ་བཞི་ལྡན་བཅས་ཀྱི་གསུང་ཆོས་སྩལ་རྒྱུ་དང་། ཚེས་༩དང་༡༠ཉིན་གསང་བ་འདུས་པའི་བཀའ་དབང་སྩལ་རྒྱུ། ཚེས་༡༡དང་༡༢ལ་སྨད་རྒྱུད་ཁྲིད་ཆེན་བརྒྱད་བཅས་ཀྱི་གསུང་ཆོས་བསྩལ་གནང་མཛད་རྒྱུ། ཕྱི་ཚེས་༡༩ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོབ་པེ་ས་གནས་སུ་ཡོད་པའི་བཀྲིས་ལྷུན་པོའི་དགོན་པའི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་དང་། ཉིན་རྒྱབ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་གསུང་ཆོས་བསྩལ་རྒྱུ་ཡིན་འདུག  
དེ་བཞིན་ཕྱི་ཚེས་༢༠ནས་༢༩བར་བཀྲ་ཤིས་ལྷུན་པོ་དགོན་པར། གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་གསུང་ཆོས་མཇུག་སྐྱོང་གནང་རྒྱུ་དང་། ཕྱི་ཚེས་༣༠ནས་༣༡བར་བཀྲ་ཤིས་ལྷུན་པོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་ཡང་བསྩལ་གནང་རྒྱུའི་མཛད་འཆར་ཡོད་འདུག  

གསར་འགོད་པ་འཆི་མེད་དང་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎