༧གོང་ས་མཆོག་དབྱིན་ཡུལ་དང་ཉི་ཧོང་ཨ་རི་བཅས་པར་ཕེབས་འཆར།


2015.08.18
༧གོང་ས་མཆོག་ཉི་ཧོང་གི་Kanazawaལ་ཕེབས་ལམ་དུ། ༢༠༡༥།༤།༩ ༧གོང་ས་མཆོག་ཉི་ཧོང་གི་Kanazawaལ་ཕེབས་ལམ་དུ། ༢༠༡༥།༤།༩
སྐུ་སྒེར་དྲ་བ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་མི་རིང་བར་དབྱིན་ཡུལ་དང་། ཉི་ཧོང་། ཨ་རི་བཅས་སུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དགུ་པ་དང་བཅུ་པ་གཉིས་ཀྱི་ནང་དབྱིན་ཡུལ་དང་། ཉི་ཧོང་། ཨ་རི་བཅས་སུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ་༩ཚེས་༧ནས་བཅུ་བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིང་ག་པུར། ཐཡེ་ལེནཌ། ཝིཡེཏ་ནམ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་རྒྱུའི་མཛད་འཆར་གྲུབ་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་མཐོ་སློབ་གྲགས་ཅན་ཁག་ཅིག་གི་ནང་ཚན་རིག་པ་དང་བགྲོ་གླེང་དང་། ནང་ཆོས་ལ་དོན་གཉེར་ཅན་ཚོར་ཆོས་འབྲེལ། མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུའི་ཆེད་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་འདུག
དེ་རྗེས་ཉི་ཧོང་དུ་ཆིབས་བསྒྱུར་དང་། ཉི་ཧོང་གི་ཆིབས་བསྒྱུར་གྲུབ་རྗེས་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་གྱིས་ཕྱི་ཟླ་༡༠ཚེས་༡ནས་༤ བར་ཐེ་ཝན་གྱི་དད་ལྡན་པ་གཙོ་བོ་གྱུར་བ་རྣམས་ལ་ཉིན་བཞིའི་རིང་གསུང་ཆོས་གྲུབ་རྗེས། ཕྱི་ཟླ་བཅུ་པའི་ཚེས་ ༡༧ནས་༢༨བར་ཨ་མི་རི་ཀར་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་ཞིང་། དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་བཀོད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཞིར་བཟུར་ལྟར་ན། ཕྱི་ཟླ་༡༠ཚེས་༡༧ ནས་༢༡བར་ཨ་མི་རི་ཀའི་ནུབ་ཕྱོགས་ཡུ་ཊ་མངའ་སྡེའི་རྒྱལ་ས་salt lakeགྲོང་ཁྱེར་ནང་འཛམ་གླིང་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་འདུའི་སྔོན་འགྲོའི་མཛད་སྒོ་ཞིག་གི་ཐོག་འཛམ་གླིང་ནང་སྙིང་རྗེ་དང་། ཞི་བདེ། དྲང་བདེན་དང་རྒྱུན་གནས་སོགས་ཀྱི་ཐད་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་འདུག་ལ། དེ་མིན་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་། འཛམ་གླིང་ཆོས་ལུགས་གྲོས་ཚོགས་ནས་ཇི་ལྟར་གོ་བསྒྲིགས་ཞུས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པར་དགའ་སྟོན་དང་འབྲེལ་བའི་གལ་ཆེའི་གསོལ་སྟོན་ཞིག་གི་ཐོག་ཆིབས་བསྒྱུར་སྐྱོང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
དེ་རྗེས་ཨ་མི་རི་ཀའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཕྷི་ལ་ཌེལ་ཕྷི་ཡའི་ནང་ཕྱི་ཚེས་ ༢༦ དང་ ༢༧ ཉིན་གྲངས་གཉིས་རིང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་གིས། ཨ་མི་རི་ཀའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༡༥ལོའི་རང་དབང་གི་གཟེངས་རྟགས་དེ་འབུལ་རྒྱུ་ཡིན་པ་རེད།
འདི་ནི་ལོ་ལྟར་འཛམ་གླིང་ནང་རང་དབང་དང་གཞན་ཕན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་གང་ཟག་ཁག་ལ་གནང་བའི་སྙན་གྲགས་ལྡན་པའི་གཟེངས་རྟགས་ཞིག་ཡིན་པ་རེད།  གྲོང་ཁྱེར་ཕྷི་ལ་ཌེལ་ཕྷི་ཡའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་དང་། བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་འདུག  

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎