༧གོང་ས་མཆོག་གིས་རུ་ཐོག་དགོན་པ་རབ་གནས་གནང་བ།


2014.07.16
༧གོང་ས་མཆོག་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པར་ཆིབས་བསྒྱུར་གནང་བཞིན་པ། ༢༠༡༤།༧།༡༥ ༧གོང་ས་མཆོག་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པར་ཆིབས་བསྒྱུར་གནང་བཞིན་པ། ༢༠༡༤།༧།༡༥
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

གང་ལ་བརྟེན་པའི་སྤྱི་ཚོཊ་དེར་མགོ་སྐོར་གཏོང་རྒྱུས་མཚོན། དབང་ཡོད་ཤོད་རྒྱུ་དང་གསོད་རེས་གཏོང་རྒྱུ་སོགས་བྱེད་པ་ནི་ནོར་འཁྲུལ་ཡིན།
དེ་ཡང་སྤྱི་ཚེས༡༥ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བསོད་ནམས་གླིང་ས་གནས་ལས་ཁུངས་ཀྱི་ཉེ་འདབས་སུ། ཉེ་ཆར་གསར་བཞེངས་ཞུས་པའི་དཔལ་ལྡན་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པ་རབ་གནས་དབུ་འབྱེད་གནང་ཡོད་པ་དང་། ༧གོང་ས་མཆོག་གིས། དེ་གར་འདུས་པའི་བླ་སྤྲུལ་དགེ་འདུན་དང་མང་ཚོགས་རྣམས་ལ། དགོན་པའི་ངོས་ནས་མང་ཚོགས་ཀྱི་ཤེས་ཡོན་སྤྱི་དང་ལྷག་པར་སངས་རྒྱས་པའི་ཆོས་གོ་རྟོགས་མཐོ་རུ་གཏོང་རྒྱུར་འབད་བརྩོན་གནང་སྟེ་དགོན་པ་གསར་འཛུགས་གནང་བར་བསྔགས་བརྗོད་དང་འབྲེལ་རྩ་བའི་འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ལྟ་བུ་ཆགས་ཡོད་དུས། རང་ཉིད་སྐྱེས་པའི་ཉིན་མོ་ནས་མ་ཤི་བར་སྤྱི་ཚོགས་ལ་བརྟེན་ནས་འཚོ་བཞིན་ཡོད་པ་དང་། གང་ལ་བརྟེན་པའི་སྤྱི་ཚོགས་དེར་མགོ་སྐོར་གཏོང་རྒྱུས་མཚོན། ཐུབ་ཚོད་དང་། དབང་ཡོད་ཤོད་རྒྱུ། ཐ་ན། གསོད་རེས་གཏོང་རྒྱུ་སོགས་བྱེད་པ་ནི་ནོར་འཁྲུལ་ཡིན་ཅེས་དང་། དེ་བཞིན་དགོན་པ་ཁག་གི་ནང་སློབ་སྦྱོང་ཐོག་ཤུགས་རྒྱབ་ནས་དོ་སྣང་བྱེད་མཁན་མང་དུ་ཕྱིན་ན་བསྙེན་བཀུར་ཞུ་མཁན་ཡོང་གི་རེད། གཞན་ཞབས་བརྟན་བྱས་ཏེ་བར་ཆད་དང་བགེགས་སེལ་གྱི་རེད་ཅེས་བརྗོད་བསྡད་ན་ཁ་ཤས་ཀྱི་ཉན་སྲིད་པ་རེད་ལ་ཁ་ཤས་ཀྱི་དེར་ཡིད་ཆེས་མེད་བརྗོད་མཁན་ཡང་ཡོང་སྲིད་པ་རེད། དེ་ལས་ཁ་ཡོད་ལག་ཡོད་ཀྱི་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག། དོན་དངོས་བསམ་བློ་གཏོང་སྟངས་ལ་ཕན་གྱི་འདུག་ཅེས་བརྗོད་མཁན་བྱུང་ན་མི་དགའ་སྤྲོ་སྐྱེས་ཀྱི་རེད་ཅེས་བཀའ་སློབ་བསྩལ་གནང་འདུག
ད་དུང་༧གོང་ས་མཆོག་གིས། ཇི་ཙམ་གྱིས་གཞན་ལ་གུས་བརྩི་ཡོད་པ་དེའི་ཚོད་ཀྱིས་སོ་སོ་སྒེར་གྱི་དོན་དག་རང་བཞིན་འབད་མེད་ལྷུན་གྱིས་འགྲུབ་རྒྱུ་ཡིན་སྐོར་བཀའ་གནང་འདུག དགོན་པར་རབ་གནས་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་ལ་གསོལ་འདེབས་ཞུ་དོན་བཞིན་སྔ་དྲོ་ཕྱག་ཚོད་༡༠།༣༠ཐོག་ལ་དྭགས་རང་སྐྱོང་རི་ཁུལ་ཡར་རྒྱས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཞབས་སོར་འཁོད་སྐབས་ལ་དྭགས་རང་སྐྱོང་རི་ཁུལ་ཡར་རྒྱས་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་རིག་འཛིན་དཔལ་འབར་ལགས་ཀྱི་དབུས་གྲོས་ཚོགས་འཐུས་མི་༣༠ཙམ་དང་། དེ་བཞིན་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་གིས་གུས་པ་ཆེན་པོའི་སྒོ་ནས་ཕེབས་བསུ་ཞུས་བསྟུན་སྐུ་ཞབས་རིག་འཛིན་དཔལ་འབར་ལགས་ཀྱིས་ལས་བསྡོམས་སྙན་སེང་ཞུས་འདུག་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་ཆོས་ལུགས་མཐུན་སྒྲིལ་དང་། བཟང་སྤྱོད། ཤེས་ཡོན། རིག་གཞུང་བཅས་ཀྱི་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་སྐབས་རང་གི་རིག་གཞུང་སྲུང་སྐྱོབ་ཆེད་སྐད་ཡིག་དང་ཡི་གེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

ཞིབ་ཕྲ།

༧གོང་ས་མཆོག་གིས་ལ་དྭགས་ལྕོག་ལམ་ས་ས་གནས་སུ་གསར་བཞེངས་བྱུང་བའི་སྟོད་མངའ་རིས་རི་ཐོག་དགོན་པ་དབུ་འབྱེད་རབ་གནས་གནང་བའི་སྐོར་ས་གནས་ནས་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བར་གསན་རོགས།

༧གོང་ས་མཆོག་གིས་ལ་དྭགས་རི་ལྗོངས་རང་བྱུང་ཡར་རྒྱས་ལྷན་ཚོགས་སུ་སྤྱི་ཚོགས་འཆམ་མཐུན་དང་རིག་གཞུང་གཅེས་འཛིན་སྐོར་ལ་བཀའ་སློབ་གནང་བའི་སྐོར་ས་གནས་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་གནས་ཚུལ་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎