གནམ་དཔྱད་ཚན་རིག་པ་ཞིག་གིས་༧གོང་ས་མཆོག་གི་ལམ་སྟོན་ཁག་སྔར་ནས་ལག་བསྟར་གནང་བཞིན་པ་གསུང་བྱུང་།

2022.11.21
གནམ་དཔྱད་ཚན་རིག་པ་ཞིག་གིས་༧གོང་ས་མཆོག་གི་ལམ་སྟོན་ཁག་སྔར་ནས་ལག་བསྟར་གནང་བཞིན་པ་གསུང་བྱུང་། ཝི་ཏི་ནམ་མི་རིགས་(NASA)་གནམ་དཔྱད་ཚན་རིག་པ་ཅོའུ་ཝུན་སོགས་ཝི་ཏི་ནམ་གྱི་དད་ལྡན་པ་ཁག་ཅིག་ལ་༧གོང་ས་མཆོག་གིས་མཇལ་ཁ་བསྩལ་སྐབས། ༡༡།༢༡།༢༠༢༢
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། སྤྱི་ཟླ་༡༡པའི་ཚེས་༢༡ཉིན་ཕྱི་ནང་གི་མི་རིགས་མང་པོ་ཞིག་ལ་མཇལ་ཁ་བསྩལ་ཡོད་པའི་ཁོངས་སུ། ཝི་ཏི་ནམ་མི་རིགས་ཡིན་པ་དང་ཨ་མི་རི་ཀའི་(NASA)་གནམ་དཔྱད་ཚན་རིག་ཁང་གི་ཚན་རིག་པ་ཅཱོའུ་ཝུན་ནང་མི་འཁོར་དང་བཅས་པར་མཇལ་ཁ་སྩལ་ཡོད་པས། ཚན་རིག་པ་ཁོ་རང་གིས། དུས་ཡུན་རིང་པོའི་སྔོན་ནས་བཟུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཚན་རིག་པ་ཚོས་ང་ཚོ་ལ་བྱ་བ་བཟང་པོ་སྒྲུབ་པར། ལམ་སྟོན་དང་གོ་རྟོགས་སྤེལ་བར་རོགས་འདེགས་བྱ་ཐུབ་པ་མཁྱེན་རྟོགས་བྱུང་ཡོད་པར་བརྟེན། ང་རང་གིས་ཀྱང་ཁོང་གི་ལམ་སྟོན་དེ་ཡུན་རིང་གི་སྔོན་ནས་ལག་བསྟར་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག ཡང་ཝི་ཏི་ནམ་གྱི་མི་རིགས་ཡཱང་ཐཱན་ལགས་ནས། ཁོང་༧གོང་ས་མཆོག་ལ་མཇལ་བ་དང་པོ་དེ་ཡིན་པར་བརྟེན། ཁོང་གི་ཞལ་རས་མཐོང་མ་ཐག་ནས་ངུ་ཤོར་སོང་བ་དང་ཆབས་ཅིག་བཤད་མི་ཤེས་པའི་ཚོར་སྣང་དམིགས་བསལ་བ་ཞིག་ཡོང་གི་འདུག ཁོང་གིས་དྲ་ལམ་ནས་༧གོང་ས་མཆོག་གི་གསུང་ཆོས་མང་པོ་ཉན་བཞིན་ཡོད། ཁོང་གི་བཀའ་སློབ་གང་གནང་བ་ཁག་ཧ་ཅང་གོ་བདེ་བོ་དང་སེམས་ལ་འཛིན་སླ་བ་མ་གཏོགས། གོ་ཁག་བདེ་བ་དེ་འདྲ་གསུང་གི་འདུག་པས། ང་རང་གི་རྨི་ལམ་ནི་རྒྱ་གར་དུ་ཡོང་སྟེ་ཁོང་ལ་མཇལ་རྒྱུ་དེ་ཡིན་པ་བསམ་པ་ཅི་བཞིན་འགྲུབ་པར་དགའ་ཚོར་བྱུང་བ་འགྲེལ་བརྗོད་གནང་སོང་།
གཞན་ཡང་ཝི་ཏི་ནམ་གྱི་མཇལ་ཞུ་བ་འུ་ཨར་ཧོབ་ཡེ་ལགས་ནས་ཀྱང་ཁོ་རང་༧གོང་ས་མཆོག་ལ་མཇལ་ཐེངས་དང་པོ་ཡིན་པས། སེམས་འགུལ་ཆེན་པོ་ཐེབས་ཏེ་ལུས་སེམས་ལ་བརྗོད་མི་ཤེས་པའི་ནུས་པ་གསར་པ་ཞིག་སླེབས་པ་དང་། རང་དབང་མེད་པར་མིག་ཆུ་བཞུར་ཡོང་གི་འདུག ཧ་ཅང་གིས་ལུས་སེམས་ལ་ནུས་སྟོབས་དམིགས་བསལ་ཅིག་ཡོང་གི་འདུག་པ་མ་ཟད། ཝི་ཏི་ནམ་ལྷོ་བྱང་གི་དམག་འཁྲུག་སྐབས་དམར་ཤོག་ལ་རྒྱལ་ཁ་ཐོབ་ཏེ། ཤར་ཕྱོགས་ཝི་ཏི་ནམ་རྒྱལ་ཁབ་ནི་དམར་ཤོག་གིས་དབང་བསྒྱུར་གྱི་རྒྱལ་ཁབ་ཞིག་ཆགས་ཡོད་ནའང་། ཁོ་ཚོ་སྤྱིར་བཏང་ཕ་མེས་ནས་རྒྱ་ནག་གི་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་མཁན་ཡིན་པར་བརྟེན། སྲིད་ཇུས་ཅུང་གུ་ཡངས་ཡོང་བཞིན་པ་དང་བསྟུན། ༧གོང་ས་མཆོག་ལ་མཇལ་ཁ་གསུང་ཆོས་ཞུ་མཁན་ཧ་ཅང་མང་པོ་ཡོང་བཞིན་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎