༧གོང་ས་མཆོག་མའི་སོར་གཙུག་ལག་སློབ་ཆེན་དུ་ཕེབས་འཆར་འདུག


2016.10.24
༧གོང་ས་མཆོག་ཨི་ཊཱ་ལིའི་མི་ལཱན་གྲོང་ཁྱེར་ནང་གི་མཛད་འཕྲིན་སྐབས། ༢༠༡༦།༡༠།༢༡ ༧གོང་ས་མཆོག་ཨི་ཊཱ་ལིའི་མི་ལཱན་གྲོང་ཁྱེར་ནང་གི་མཛད་འཕྲིན་སྐབས། ༢༠༡༦།༡༠།༢༡
Tenzin Choejor/OHHDL

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མའི་སོར་ཁུལ་གྱི་གཙུག་ལག་སློབ་གཉེར་ཁང་གི་མཛད་སྒོ་ཞིག་ཏུ་ཆིབས་བསྒྱུར་གནང་འཆར་ཡོད་འདུག
དེ་ཡང་རྒྱ་གར་གྱི་Times of India་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༢་བའི་ཚེས་༡༣་ཉིན་རྒྱ་གར་ལྷོ་ཕྱོགས་མའི་སོར་Mysoreགྲོང་ཁྱེར་ནང་ཡོད་པའི་མའི་སོར་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་གནང་རྒྱུའི་མཛད་སྒོ་ཞིག་ཏུ་ཆིབས་བསྒྱུར་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་འདུག
གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་སྐུ་ཞབས་R.Rajanna་མཆོག་ནས་གསུངས་བ་ལྟར་ན། ལམ་སྲོལ་བྱེད་ན་ཕྱག་འཁྱེར་གནང་རྒྱུའི་མཛད་སྒོ་འདི་བཞིན་ཕྱི་ཟླ་བཞི་པའི་ནང་ཡིན་ནའང་། འཆར་ལོའི་ཕྱི་ཟླ་དང་པོའི་ནང་སློབ་གཉེར་ཁང་གི་སྤྱི་ཁྱབ་གཙོ་འཛིན་གཞོན་པ་སྐུ་ཞབས་K.S.Rangappa་མཆོག་ལས་མཚམས་བཞག་གནང་གི་ཡོད་སྟབས་དེར་གཞིགས་པས་འཆར་ལོའི་ཕྱི་ཟླ་དང་པོའི་ནང་གནང་རྒྱུའི་ཐག་ཆོད་བྱུང་ཡོད་པ་རེད། འོན་ཀྱང་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་རྒྱུའི་ཐག་ཆོད་བྱུང་ཡོད་པ་དེ་ཕྱི་ཟླ་བཅུ་གཉིས་ནང་མ་གཏོགས་ཆིབས་བསྒྱུར་གནང་ཐུབ་ཀྱི་མེད་པ་བཅས་ལ་བརྟེན་ང་ཚོས་མཛད་སྒོ་འདི་བཞིན་ཕྱི་ཟླ་༡༢་ཚེས་༡༣་ཉིན་གནང་གཏན་འཁེལ་ཡོད་རེད་ཅེས་གསུངས་འདུག
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༧་ཉིན་ཉི་ཧོང་དང་དེ་ནས་རིམ་པས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཆར་ཁག་ཅིག་བསྐྱངས་གནང་གི་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎