༸གོང་ས་མཆོག་མད་རས྄་མཐོ་སློབ་ནང་ཆིབས་བསྒྱུར་བསྐྱང་རྒྱུ།

༸གོང་ས་མཆོག་མད་རས྄་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ལ་ཞི་བདེ་སོགས་བརྗོད་གཞི་ཁག་གི་ཐོག་བཀའ་སློབ་བསྩལ་གནང་རྒྱུ་ཡིན་པ།

2009.01.13

༄༅༎རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཆེན་པོ་མད་རས྄་ཡི་མད་རས྄་མཐོ་སློབ་ཀྱི་དབུ་འཛིན་གཞོན་པ་ཨེས྄་རམ་ཅན་ད་རེན་ལགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་པོན་ཌི་ཅེ་རིའི་ནང་ཆིབས་བསྒྱུར་བསྐྱང་གནང་ནས་མཐོ་སློབ་དེའི་ཚོགས་ཁང་ཆེན་མོའི་ནང་ཞི་བདེ་དང་འཆམ་མཐུན་མཉམ་གནས་ཀྱི་བརྗོད་གཞིའི་ཐོག་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་གནང་འཆར་ཡོད་པ་རེད།

མད་རས྄་མཐོ་སློབ་ནང་གི་བོད་པའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ལགས་ཀྱིས་༸གོང་ས་མཆོག་ང་ཚོའི་མཐོ་སློབ་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཙམ་མ་ཟད་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་གནང་རྒྱུ་དེས་ང་ཚོ་བོད་རིགས་སློབ་ཕྲུག་ཚང་མ་སྤོབས་དང་ལྡན་པའི་རང་བཞིན་དུ་གྱུར་ཡོད་ཅེས་དང་དེས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་དོན་སྐོར་མཁྱེན་རྟོགས་ཡོང་རྒྱུ་ལ་ཕན་ཐོགས་ཡོད་པའི་།སྐོར་ཡང་གསུངས་འདུག

མད་རས྄་མཐོ་སློབ་ཀྱིས་གྲོང་ཁྱེར་དེའི་ནང་ཡོད་པའི་མཐོ་སློབ་གཞན་ཁག་གི་སྐུ་ཚབ་འཐུས་མི་བཅོ་ལྔ་གཞུང་འབྲེལ་ཐོག་ནས་གནད་ཞུ་གནང་རྒྱུ་ཡིན་པ་དང་གྲོང་ཁྱེར་ཅི་ན་ཡེ་གཙོས་པའི་དེའི་ཉེ་འཁྲིས་ཀྱི་མཐོ་སློབ་ཁག་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་ཕྲུུག་རྣམས་ཀྱང་བཀའ་སླབ་ཞུ་བར་གཅར་རྒྱུའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎