བོད་དུ་༧གོང་ས་མཆོག་ལ་བརྟན་བཞུགས།

ཁམས་སྡེ་དགེ་ཁུལ་དུ་དེ་སྔ་ཕྱི་ཟླ་༤ནས་བཟུང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་རེད། འོན་ཀྱང་རྒྱ་ནག་དྲག་སྤྱོད་ལ་ལྟོས་མེད་ཉེ་འཆར་ཁུལ་དེར་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་འདུག

2012.09.20

༄༅།    །ཕྱི་ཟླ་༩ པའི་ཚེས་༡༩ ནས་ཉིན་གསུམ་རིང་ཁམས་སྡེ་དགེ་རྫོགས་ཆེན་དགོན་པད་མ་ཐང་སྒྲུབ་སྡེ་རུ། རིས་མེད་སྐྱེས་ཆེན་དང་དགེ་འདུན་པ་གྲངས་ཆིག་ཁྲི་ལྔ་སྟོང་ལྷག་འདུ་འཛོམས་ཀྱིས། ལོ་ལྟར་ཚོགས་བཞིན་པའི་ འདི་ལོའི་སེམས་སྐྱེད་སྨོན་ལམ་ཆེན་མོ་དེ་ཚོགས་ཡོད་པ་དང༌། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་།    ཐུགས་བསྐྱེད་མྱུར་དུ་འགྲུབ་པ།  གངས་ལྗོངས་བསྟན་འགྲོའི་བདེ་དོན་ཆེད་དུ་སྐུ་གཤེགས་རྣམས་ལ་བསྔོ་སྨོན་ཟབ་རྒྱས་གསུངས་ཡོད་ལུགས། རྫོགས་ཆེན་སྤྲུལ་སྐུ་ཉི་མ་རིན་པོ་ཆེ་ནས་འགྲེལ་བརྗོད་གནང་འདུག
རྫོགས་ཆེན་སྡེ་དགོན་གཉིས་ལ་རྒྱ་ནག་གཞུང་གི་དམ་དྲག་མུ་མཐུད་བྱེད་ཀྱི་ཡོད་པ་དང༌། ད་ལོ་སྤྱི་ཟླ་༤ཚེས་༢༢ནས་༢༤བར་དམིགས་བསལ་ཉེན་རྟོག་པ་༡༠༠ལྷག་ཙམ་གྱིས་རྫོགས་ཆེན་སྡེ་དགོན་གཉིས་ལ་དྲག་རྡུང་དང༌། མི་མང་པོ་འཇུ་བཟུང་བྱས་པ་ལས། ཕྱི་ཚེས་༢༥ཉིན་རྫོགས་ཆེན་ཤྲྰི་སེང་ཆོས་གྲྭ་དང་།    རྫོགས་ཆེན་དགོན་པ། པད་མ་ཐང་བཅས་ཀྱི་བླ་གྲྭ། རྫོགས་ཆེན་འབྲོག་རུ་སྡེ་པའི་གྲོང་མི་བཅས་སྐྱ་སེར་སུམ་སྟོང་ལྷག་ཙམ་གྱིས་རྫོགས་ཆེན་ཤང་སྲིད་གཞུང་གི་སྒོ་འགྲམ་དུ་ཞི་བའི་འདུ་འཛོམས་ཀྱིས། རྒྱུ་མཚན་མེད་པའི་དྲག་རྡུང་བྱེད་མཚམས་འཇོག་དགོས་པ་དང་། ཉེས་མེད་འཇུ་ཟུང་བྱས་པར་ངོ་རྒོས་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎