རེབ་གོང་བཙན་མོའི་ཆུ་མཛོད་ཤོར་བའི་དཀའ་ངལ་དང་ཉེན་ཁ།


2014.07.11
རེབ་གོང་བཙན་མོའི་ཆུ་མཛོད་ཤོར་བའི་དཀའ་ངལ་གྱི་རྣམ་པ། ༢༠༡༤།༧།༨ རེབ་གོང་བཙན་མོའི་ཆུ་མཛོད་ཤོར་བའི་དཀའ་ངལ་གྱི་རྣམ་པ། ༢༠༡༤།༧།༨
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བཙན་མོ་ས་ཁུལ་གྱི་ཆུ་མཛོད་ཡོངས་སུ་ཤོར་ན་ཁུལ་དེའི་བཙན་མོ་མར་སྟེང་སྡེ་བ་གཙོས་པའི་བོད་སྡེ་ཁ་ཤས་ལ་ཉེན་ཁ་འཕྲད་ཀྱི་ཡོད་འདུག
དེ་ཡང་མདོ་སྨད་རྨ་ལྷོ་རེབ་གོང་སྟོད་ཀྱི་བཙན་མོ་ས་ཁུལ་དུ་གློག་ཤུགས་མཁོ་འདོན་ཆེད་ཆུ་མཛོད་ཅིག་གསར་རྒྱག་བྱས་ཡོད་པ་དང་། ཟླ་བ་འདིའི་ཚེས་༨ཉིན། ཆུ་མཛོད་དེའི་ཆུའི་འགག་སྒོ་ནས་ཆུ་ཕྱིར་གཏོང་བྱེད་མ་ཐུབ་པའི་རྐྱེན་གྱིས་ཆུ་རྒྱས་ནས། དེ་གའི་ལས་བཟོ་བའི་སྟབས་བདེ་ཁང་པ་དང་། སྡོད་གུར་རྣམས་ཆུའི་འོག་ཐིམ་ཡོད་འདུག ཆུ་ལོག་གི་རྐྱེན་པས་ད་ལྟའི་ཆར་རེབ་གོང་རོང་ནས་རེབ་གོང་རྩེ་ཁོག་དུ་བསྐྱོད་པའི་གཞུང་ལམ་འགག་ཡོད་པ་དང༌། རྩེ་ཁོག་རྫོང་གི་འགྲིམ་འགྲུལ་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། བཙན་མོ་ན་ལམ་ཆད་ཡོད་པའི་རྐྱེན་གྱིས་རེབ་གོང་ལ་འགྲོ་བའི་རླངས་འཁོར་རྣམས་ལམ་གཞན་བསྐོར་ནས་བསྐྱོད་དགོས་ཀྱི་ཡོད་པ་དང༌། ས་གནས་གཉིས་དབར་ཐད་ཀར་ཉིན་གྲངས་གསུམ་ནས་ལྔ་བར་འགྲིམ་འགྲུལ་བྱེད་ཐབས་མེད་པར་གྱུར་ཡོད་ཅེས་བཀོད་འདུག ཡང་ས་གནས་མི་སྣ་ཞིག་གིས། ཆུ་མཛོད་དེའི་ཆུའི་འགག་སྒོ་ནས་ཆུ་གློད་གཏོང་མ་ཐུབ་པར་ཉིན་གྲངས་མང་པོ་ལུས་པ་ཡིན་ན། ས་གནས་དེར་ཡོད་པའི་བཙན་མོ་མར་སྟེང་སྡེ་བ་གཙོས་པའི་བོད་སྡེ་ཁ་ཤས་ལ་ཉེན་ཁ་འཕྲད་སྲིད་པའི་དགོངས་ཚུལ་གསུང་གི་འདུག  
སྤྱིར་རྒྱ་ནག་གཞུང་གི་ཚོང་གཉེར་ཁེ་ལས་ཚན་པ་ཁག་གིས། རེབ་གོང་རོང་བོ་དགུ་ཆུའི་རྒྱུད་དུ་གློག་འདོན་བྱེད་སའི་ས་ཚུགས་མང་པོ་ཞིག་གསར་རྒྱག་བྱས་ཡོད་ཅིང༌། དེ་ལྟར་བྱེད་པའི་སྐབས་ས་གནས་ཡུལ་མི་རྣམས་ལ་དགོས་ངེས་གུན་གསབ་མ་སྤྲད་པ་སོགས་ཀྱིས། གློག་འདོན་ས་ཚུགས་གསར་རྒྱག་བྱེད་མཁན་ཁེ་གཉེར་ཁེ་ལས་ཁང་དང་། ས་གནས་མི་མང་བར་རྒྱུན་དུ་ནས་རྩོད་རྙོག་བྱུང་བཞིན་ཡོད་པ་རེད།
ཡང་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལྟར་ན། ཚེས་༧ཉིན་མཚོ་ལྷོ་ཁུལ་མང་ར་རྫོང་བྱ་མདོ་ས་ཁུལ་དུ་དྲག་ཆར་འབབ་ཏེ། གོར་མདོ་དང་སྤྲེལ་ནག་སྡེ་བ་གཉིས་གྱི་ལམ་དང་། ལོ་ཏོག་སོགས་ལ་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཡོད་པ་དང་། ཡང་མགོ་ལོག་གི་ས་ཆ་ཞིག་ཏུ་ཆུ་ལོག་རྒྱུགས་ཏེ་གནོད་སྐྱོན་བཟོས་ཡོད་ཀྱང་། ད་ལྟའི་ཆར་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་མི་འདུག

གསར་འགོད་པ་དཔལ་ལྡན་རྒྱལ་དང་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎