རྡོ་རྗེ་གླིང་དུ་ཁ་བྲལ་རིང་ལུགས་པའི་འགོ་འཁྲིད་བསད་ཡོད་པ།

རྡོ་རྗེ་གླིང་ཁུལ་དུ་བལ་པོའི་མི་རིགས་ཚོར་མངའ་སྡེ་ཟུར་དུ་དགོས་རྒྱུའི་ཐོབ་ཐང་རྩོད་མཁན་གྱི་ཚོགས་པའི་འགོ་འཁྲིད་ཅིག་དམར་བསད་བཏང་བ།

2010.05.21

༄༅༎རྒྱ་གར་ཤར་ཕྱོགས་ནུབ་སྦེང་གོལ་མངའ་སྡེའི་ཁྱབ་ཁོངས་ཀྱི་ས་གནས་རྡོ་རྗེ་གླིང་ཁུལ་དུ་བལ་པོའི་མི་རིགས་ཚོར་མངའ་སྡེ་ཟུར་དུ་དགོས་རྒྱུའི་ཐོབ་ཐང་རྩོད་མཁན་གྱི་ཚོགས་པའི་འགོ་འཁྲིད་ཅིག་དམར་བསད་བཏང་པའི་དོན་རྐྱེན་བྱུང་རྗེས་ས་ཁུལ་དེའི་ནང་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་འདུག

གཟའ་པ་སངས་ཉིན་རྡོ་རྗེ་གླིང་དུ་རྒྱ་གར་རྒྱལ་ཡོངས་གོར་ཁ་མཐུན་བསྒྲིལ་ཚོགས་པའི་གཙོ་འཛིན་མ་རྡན་རྟ་མང་གིས་མི་དམངས་འདུ་འཛོམས་ཤིག་གི་སར་གཏམ་བཤད་ཅིག་བྱེད་པའི་སྐབས་དེར་གློ་བུར་དུ་ཁོ་པའི་ཐོག་གྲི་དཔའ་དམ་དང་བལ་པོའི་མི་རིགས་ཚོས་བེད་སྤྱོད་བྱེད་པའི་གྲི་གུག་ལན་མང་བརྒྱབ་སྟེ་ དེ་མ་ཐག་སྨན་ཁང་དུ་སྐྱེལ་ཐབས་བྱས་འདུག་ཀྱང་འགྲོ་ལམ་དུ་རྐྱེན་འདས་སུ་ཕྱིན་ཡོད་པ་ས་གནས་ཉེན་རྟོག་སྤྱི་ཁྱབ་པ་སོའུ་རུ་ཇིཏ་ཀར་པུ་རོ་ཀ་ཡཤ་ཏས་གསལ་བཤད་གནང་འདུག།

མ་རྡན་རྟ་མང་ཐོག་ཕར་རྒོལ་བྱེད་མཁན་གྱི་བརྒྱབ་ཏུ་སུ་ཡོད་མིན་གསལ་ཁ་མེད་པ་དང་ གཞི་རྐང་མ་རྡན་རྟ་མང་དང་ ཡང་གོར་ཁའི་མངའ་སྡེ་ལོགས་སུ་དགོས་རྒྱུར་དྲག་ལས་སྤེལ་མཁན་གྱི་ཚོགས་པ་གོར་ཁ་ལེནདྲ་ཞེས་པའི་ཚོགས་པ་དང་མཐུན་གྱི་མེད་པའི་གནས་ཚུལ་ཡོངས་གྲགས་ཡིན་པ་རེད།

འོན་ཀྱང་གོར་ཁ་ལེནདྲ་གྱི་ཚོགས་པའི་ཚོགས་གཙོ་གཞོན་པ་རོ་ཤན་གི་རིས་ཕེ་རནསི་གསར་ལས་ཁང་ལ་རྟ་མང་བསད་པའི་བྱ་སྤྱོད་དང་ཁོང་ཚོའི་ཚོགས་པའི་དབར་འབྲེལ་བ་གང་ཡང་མེད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།

རྟ་མང་བསད་པའི་དོན་རྐྱེན་བྱུང་བའི་གནས་ཚུལ་ཐོས་མ་ཐག་ རྡོ་རྗེ་གླིང་ཁུལ་གྱི་ཚོང་ཁང་ཡོངས་རྫོགས་འཕྲལ་དུ་སྒོ་བརྒྱབ་པ་དང་ ནུབ་སྦེང་གོལ་མངའ་སྡེའི་གཞུང་གིས་ས་ཁུལ་དེའི་ནང་ཉེན་རྟོག་དཔུང་སྡེར་དྭོགས་ཟོན་ཆེན་པོའི་ངང་གནས་དགོས་པའི་བཀོད་ཁྱབ་བཏང་འདུག རྡོ་རྗེ་གླིང་དང་ཀ་ལིམ་སྦུང་ཁུལ་དུ་གནས་པའི་བལ་པོའི་མི་རིགས་ཚོས་ ཁོང་ཚོ་ནི་གོར་ཁའི་མི་རིགས་ཡིན་པ་དང་ ཁོང་ཚོར་སྐད་ཡིག་དང་རིག་གཞུང་ཐ་དད་པ་ཞིག་ཡོད་སྟབས་ཁོང་ཚོར་ལོགས་སུ་མངའ་སྡེ་ཞིག་དགོས་སྐོར་བརྗོད་བཞིན་ཡོད་ཅིང་ དེ་འགྲུབ་རྒྱུར་ཡང་སེ་དྲག་སྤྱོད་ཀྱི་ཐབས་ལམ་ལ་བརྟེན་བཞིན་ཡོད་པར་མ་ཟད་ ས་ཁུལ་ཡོངས་རྫོགས་སྒོ་བརྒྱབ་པའི་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་གྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎