དབྱིན་ཇིའི་སྲིད་བློན་གྱིས་འབར་མར་འཚམས་འདྲི།

དབྱིན་ཇིའི་སྲིད་བློན་སྐུ་ཞབས་དྲེ་ལྦིདྲ་ཀེ་མེ་རོན་འབར་མའི་ནང་འཚམས་འདྲིར་ཕེབས་པ་དེ་ནི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཡིན་པ་རེད།

2012.04.13

༄༅༎དབྱིན་ཇིའི་སྲིད་བློན་སྐུ་ཞབས་དྲེ་ལྦིདྲ་ཀེ་མེ་རོན་འབར་མའི་ནང་འཚམས་འདྲིར་ཕེབས་པ་དེ་ནི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཡིན་པ་མ་ཟད། དབྱིན་ཇིའི་སྲིད་བློན་འབར་མའི་ནང་འཚམས་འདྲིར་ཕེབས་མཁན་ཐེངས་དང་པོ་ཡང་ཡིན་པ་རེད།
དེ་ཡང་སྐུ་ཞབས་དྲེ་ལྦིདྲ་ཀེ་མེ་རོན་མཆོག་གིས་འབར་མའི་སྲིད་འཛིན་ཐེཨིན་སེན་དང་འབར་མའི་དམངས་་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་དང་མཇལ་འཛོམས་གནང་ཡོད་ཅིང༌། ཁོང་འབར་མར་ཕེབས་འབྱོར་བྱུང་སྐབས་ལའང་འབར་མའི་དམངས་གཙོའི་འཕེལ་རིམ་འགྱུར་བགྲོས་ལ་སྔགས་བརྗོད་གནང་སྟེ། འབར་མའི་གཞུང་གིས་དམངས་གཙོའི་མདུན་བསྐྱོད་ཐོག་ལ་དོན་དངོས་ཀྱི་ལག་བསྟར་བྱས་པ་དེ་ནི་རྒྱབ་མདུན་ངོ་ལྐོག་མེད་་པའི་བསྒྱུར་བཅོས་ཤིག་ཡིན་པའི་སྐོར་གསུང་ཡོད་པ་རེད།
ད་རེས་སྐུ་ཞབས་དྲེ་ལྦིདྲ་ཀེ་མེ་རོན་ཡི་འབར་མའི་འཚམས་འདྲི་དེ་ནི་ཉེ་ཆར་འབར་མའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་འབར་མ་རྒྱལ་ཡོངས་དམངས་གཙོ་མནའ་སྦྲེལ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་ལ་རྒྱལ་ཁ་ཆེན་པོ་ཐོབ་པའི་རྗེས་སུ་ནུབ་ཕྱོགས་པའི་དབུ་ཁྲིད་འབར་མའི་ནང་འཚམས་འདྲིར་ཕེབས་མཁན་དང་པོ་ཡང་ཡིན་པ་དང༌། ཁོང་གིས་གསུང་པར། འབར་མའི་གཞུང་གིས་དམངས་གཙོའི་བཅོས་བསྒྱུར་གཏོང་རྒྱུའི་འདུན་པ་ཡོད་པའི་སྐོར་གསུང་པ་བཞིན་ད་ཆ་དངོས་སུ་ལག་བསྟར་བྱས་པ་དེ་ཚོ་ནི་དམངས་གཙོའི་མདུན་བསྐྱོད་བྱེད་པར་ཕན་ཐོགས་བྱུང་ཡོད་པའི་སྐོར་གསུང་ཡོད་པ་རེད། ད་རེས་སྐུ་ཞབས་དྲེ་ལྦིདྲ་ཀེ་མེ་རོན་ཡིས་མཱ་ལེ་ཤི་ཡ་སོགས་ལྷོ་ཤར་ཡེ་ཤིའི་ཡུལ་གྲུ་ཁག་ཅིག་ནང་འཚམས་འདྲིར་ཕེབས་ཏེ་དབྱིན་ཇིའི་འབྲེལ་ལམ་གོང་འཕེལ་གཏོང་ཐབས་གནང་བ་ཇི་ལྟར་ཁོང་གི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་འཚམས་འདྲི་མཐའ་མ་དེ་འབར་མ་ནས་མཇུག་སྒྲིལ་བ་ཡིན་ཞིང༌། ཁོང་འབར་མའི་འཚམས་འདྲིའི་སྔོན་དུ་ཁྱུག་ཙམ་རིང་སིང་ག་པཱོར་དུ་བབས་ཚུགས་གནང་སྟེ། སིང་ག་པཱོར་སྲིད་བློན་དང་མཇལ་འཛོམས་ཀྱིས་གོ་མཚོན་ཁྱབ་འཕེལ་འགོག་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎