དུས་རབས་ཉི་ཤུ་པའི་ཆོས་པ་ཞིག་བྱེད་ཐུབ་པ་དགོས་པའི་བཀའ་སློབ།


2015.06.06
དུས་རབས་ཉི་ཤུ་པའི་ཆོས་པ་ཞིག་བྱེད་ཐུབ་པ་དགོས་པའི་བཀའ་སློབ། ༢༠༡༥།༦།༤།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་སིད་ནི་གནམ་ཐང་དུ་བོད་མི་རྣམས་ལ་འཚམས་འདྲི་གནང་བཞིན་པ།
༸དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅༎དེ་རིང་ཕྱི་ཚེས་ ༦ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཨའོསི་ཊརེ་ལི་ཡའི་ New South Wales གྱི་གྲོང་ཁྱེར་ Blue Mountains གྱི་ནང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་མུ་འཐུད་བསྩལ་གནང་མཛད་ཡོད་པ་རེད།  དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་གསལ་སྒྲོན་གྱི་ཁྲིད་ཐོབ་པར་གསང་སྔགས་བླ་མེད་ཀྱི་དབང་ཞིག་ཐོབ་པ་སྔོན་དུ་སོང་དགོས་ཀྱི་ཡོད་པ་རེད།  ཁ་སང་ཕྱི་ཚེས་ ༥ ཉིན་གྱི་སྔོན་འགྲོའི་གསུང་ཆོས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གང་སྩོལ་རྒྱུའི་དབང་ཁྲིད་དེ་དག་སྔགས་བླ་མེད་ཀྱི་ཆོས་འཁོར་ཡིན་ཡང་། དེ་དག་ཐོབ་བྱེད་ཀྱི་རྒྱུད་སྨིན་པར་བྱ་རྒྱུར་ངེས་པར་རྗེ་ཙོང་ཁ་པ་ཆེན་པོས་གསུངས་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་སྟེ་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་ལ་བློ་སྦྱོང་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སངས་རྒྱས་བཅོམ་ལྡན་འདས་ནི་དོན་དུ་ཚན་རིག་པ་ཞིག་ཡིན་པ་དང་།  སྟོན་པ་ཐུབ་པའི་དབང་པོའི་རྗེས་མཇུག་པ་དཔལ་ན་ལེན་ཌའི་སློབ་དཔོན་དེ་དག་ཀྱང་དོན་དུ་ནང་གི་ཚན་རིག་པ་ཤ་སྟག་ཡིན་སྟབས། དཔལ་ན་ལེན་ཌའི་རྗེས་མཇུག་པ་ང་ཚོས་ཀྱང་ནང་ཆོས་ལ་སློབ་གཉེར་བྱེད་དེ། དུས་རབས་ཉི་ཤུ་པའི་ཆོས་པ་ཞིག་བྱེད་ཐུབ་པ་བྱ་གལ་ཆེ་བའི་སྐོར་བཀའ་སློབ་བསྩལ་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ Blue Mountains གྱི་ས་གནས་འདིར་ཆིབས་བསྒྱུར་ཞབས་སོར་འཁོད་པ་དང་བསྟུན། གྲོང་ཁྱེར་གྱི་སྲང་ལམ་དུ་བོད་ཀྱི་རྒྱལ་དར་དང་ཆོས་དར། རླུང་རྟའི་དར་ལྕོག་སོགས་ཕྱོགས་གང་སར་བཙུགས་པ་མཐོང་རྒྱུ་ཡོད་འདུག་ལ། རྣམ་ཀུན་ནས་ས་གནས་འདི་ནི་ཡུལ་འཁོར་སྤྲོ་འཆམ་པ་མང་པོ་ཡོང་ས་ཞིག་ཡིན་པའི་ཁར་། ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་ཞབས་སོར་འཁོད་པའི་བཀྲིན་གྱིས་མི་ཚོགས་མང་དུ་ཕྱིན་ཏེ་མགྲོན་ཁང་སོགས་ཐོབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་འདུག།
སང་ཉིན་ཕྱི་ཚེས་ ༧ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་གཙོ་བོ་བྱེད་པའི་དད་ལྡན་པ་རྣམས་ནས་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། ཉིན་རྒྱབ་བཟོད་པའི་ཉམས་ལེན་གྱི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་འདུག།



གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

༸གོང་ས་༸སྐབས་མགོན་ཆེན་པོ་མཆོག་གི་ཨོའོསི་ཊརེ་ལི་ཡ་ནང་གི་མཛད་འཆར་དང་འབྲེལ་བའི་སྐོར་གཤམ་ལ་འདི་གའི་ཨོའོསི་ཊརེ་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་ས་གནས་ནས་ངོ་སྤྲོད་གནང་བར་གསན་རོགས་ཞུ༎གསར་འགོད་པ་ནོར་བུ་དགྲ་འདུལ།

གསར་འགོད་པ་ནོར་བུ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎