ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོ།


2016.12.11
ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོ། ཨ་རིའི་རྒྱལ་ས་མངའ་ཁུལ་བོད་མི་ཚོས་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོར་སྲུང་བརྩི་ཞུས་པ།
པ་སངས་དོན་ལྡན།

༄༅།      །༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དེ་བཞིན་དགའ་དད་སྤྲོ་གསུམ་གྱི་ངང་སྲུང་བརྩི་ཞུས་སོང་།     ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཁ་ས་ཕྱི་ཚེས་༡༠་ཉིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༢༧འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་སོང་།  ཁ་སང་ཕྱི་དྲོ་ཆུ་ཚོད་༧པ་ཙམ་གྱི་ཐོག་དབུ་འཛུགས་གནང་བའི་མཛད་སྒོ་དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་ལམ་ཞུས་པ་དང་། བོད་ནང་ཉེ་འཆར་རང་ལུས་མེར་སྲེག་གི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ངག་བཅད་མྱ་ངན་ཞུས་པའི་སྒོ་ནས་དབུ་འཛུགས་གནང་སོང་། དུས་ཆེན་གྱི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་སྐུ་མགྲོན་གཙོ་བོའི་གསུང་བཤད་གནང་སྐབས།   དེ་ལྟ་བུའི་དུས་ཆེན་སྲུང་བརྩི་ཞུས་སྐབས། བོད་ནང་གི་བོད་མི་ཚོའི་ཉག་ཕྲ་བའི་གནས་སྟངས་དྲན་སྐུལ་ཞུ་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།    མཛད་སྒོ་དེའི་ཐོག་ད་དུང་།༸གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་ཁག་ཅིག་འབུལ་ལམ་ཞུས་པ་དང་། སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་འབུལ་བ་སོགས་གནང་ཡོད་པ་རེད། དེ་ཉིན་ཉིན་གུང་ཆུ་ཚོད་༢ནས་༥བར་འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་ནས་ཇི་ལྟར་གོ་སྒྲིག་གནང་དོན་ལྟར།         དེ་གའི་ཆོས་ཚོགས་ཀྱི་མཁན་པོ་བསམ་གྲུབ་ལགས་ཀྱི་དབུ་བཞུགས་ཐོག་༸གོང་ས་མཆོག་སྐུ་ཚེ་སྐར་བརྒྱར་བརྟན་པའི་སླད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཞབས་རིམ་གསོག་སྒྲུབ་གནང་ཡོད་པ་རེད།

གསར་འགོད་པ་པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎