ལྷ་སའི་དགེ་སློབ་ཚོགས་པ་ཞིག་ཨ་རིར་ལྟ་སྐོར།

རྒྱལ་ས་ལྷ་སའི་དམའ་རིམ་སློབ་གྲྭའི་སློབ་སྤྱི་དང་སློབ་ཕྲུག་གི་ཚོགས་པ་ཞིག་ཨ་རིའི་སྦོལ་ཌར་གྲོང་ཁྱེར་ནང་ཤེས་རིག་གི་ལྟ་སྐོར་ཆེད་ཕེབས་བཞག

2011.02.23

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་དམའ་རིམ་སློབ་གྲྭའི་སློབ་སྤྱི་དང་སློབ་ཕྲུག་གི་ཚོགས་པ་ཞིག་ཨ་རིའི་ཀོ་ལོ་རེ་ཌོ་མངའ་སྡེའེི་སྦོལ་ཌར་གྲོང་ཁྱེར་ནང་ཤེས་རིག་གི་ལྟ་སྐོར་གནང་བར་ཕེབས་བཞག། གྲོང་ཁྱེར་སྦོལ་ཌར་དང་ལྷ་ས་གཉིས་དབར་ལོ་མང་གོང་ནས་མཛའ་མཐུན་གྱི་འབྲེལ་བ་ཡོད་བཞིན་པ་ལྟར། སྦོལ་ཌར་གྲོང་ཁྱེར་ཀྱི་སྐུ་ཚབ་ཚོས་དེ་སྔོན་ལྷ་སར་ཉི་འོད་དང་འཕྲོད་བསྟེན་གྱི་ལས་འཆར་ནང་ལས་དོན་མཉམ་རུབ་གནང་ཆེད་བོད་དུ་ལྟ་སྐོར་ཐེངས་མང་པོ་གནང་ཡོད་ནའང༌། ད་རེས་ཀྱི་ལྟ་སྐོར་དེ་ནི་ཤེས་རིག་གི་མཉམ་འབྲེལ་ལས་འཆར་ཐོག་མ་དེ་ཡིན་པ་རེད།

ལྷ་ས་ཤེས་རིག་ཚན་པའི་འགན་འཛིན་གཞོན་པ་ཆུང་བདག་ལགས་དང་

དམའ་རིམ་སློབ་གྲྭ་གཉིས་ཀྱི་སློབ་སྤྱི་། དེ་བཞིན་འཛིན་རིམ་དྲུག་པའི་སློབ་ཕྲུག་གཉིས་དང་སྐད་བསྒྱུར་གཅིག་བཅས་ཁྱོན་མི་གྲངས་དྲུག་གི་ཚོགས་ཆུང་ཞིག་ད་རེས་ཨ་རིའི་གྲོང་ཁྱེར་སྦོལ་ཌར་ནང་འབྱོར་ཡོད་པ་དང༌། ལྟ་སྐོར་དེའི་དམིགས་ཡུལ་གཙོ་བོ་ནི་ཨ་རིའི་ནང་གི་སློབ་གྲྭ་འཛིན་སྐྱོང་བྱེད་སྟངས་དང༌། སློབ་འཁྲིད་ཐབས་ལམ། དེ་བཞིན་ཤེས་ཡོན་ཞིབ་འཇུག་བཅས་ལ་སློབ་སྦྱོང་གནང་བར་ཕེབས་ཡོད་པ་རེད།། ཁོང་རྣམ་པས་ཁ་ས་ཁུལ་དེའི་ཀེ་སི་སློབ་གྲྭ་འབྲིང་བར་ལྟ་སྐོར་གནང་ཡོད་པ་དང༌། རིམ་བཞིན་ནེ་རྡར་ལེནདྲ་སློབ་གྲྭ་ཆུང་བ། གོལདྲ་ཧིལ་སློབ་གྲྭ་ཆུང་བ་དང༌། ཀོ་ལོ་རེ་ཌོ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གསོའི་སྡེ་ཚན་བཅས་ལ་ལྟ་སྐོར་གནང་རྒྱུ་ཡིན་པ་རེད། ལྷ་ས་དང་སྦོལ་དྲར་གཉིས་དབར་ཤེས་རིག་བརྗེ་ལེན་གྱི་ལས་འཆར་འོག་། གྲོང་ཁྱེར་སྦོལ་དྲར་ནང་གི་སློབ་གྲྭའི་སློབ་ཕྲུག་དང་དགེ་རྒན་ཁག་ཅིག་དེ་སྔོན་ལྷ་སར་ཕེབས་མྱོང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎