བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་འགོ་བཙུགས།

བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་དངོས་སུ་འགོ་བཙུགས་པའི་གསལ་བསྒྲགས་གནང་ཡོད་པ་རེད།

2012.04.03

༄༅༎རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང༌། འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས། འཕྲོད་བསྟེན་ལས་ཁང་གི་དྲུང་ཆེ་ལས་འཕར་ཚེ་རྒྱལ་ལགས་ཟུང་འབྲེལ་གྱིས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་དངོས་སུ་འགོ་བཙུགས་པའི་གསལ་བསྒྲགས་གནང་ཡོད་པ་རེད།
འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གསར་པ་དེ་ནི། བཙན་བྱོལ་བོད་མི་ཚོར་ཛ་དྲག་གི་སྨན་བཅོས་དགོས་གལ་ལ་རོགས་ཕན་ཡོང་རྒྱུ་ཡིན་པ་དང༌། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གསར་པ་དེ་བཙུགས་དགོས་དོན་ནི། འདས་པའི་དུས་ཚོད་ནང་བཙན་བྱོལ་བོད་མིའི་ཚོའི་ཁྲོད་དུ་ལོ་རེར་སྨན་བཅོས་ཁོ་ནར་ཁྱིམ་ཚང་གི་ཡོང་འབབ་ཀྱི་བརྒྱ་ཆ་༡༤ ཙམ་གཏོང་དགོས་ཀྱི་ཡོད་པ་མ་ཟད། ལྷག་དོན་ཛ་དྲག་གི་སྨན་བཅོས་བྱ་དགོས་པའི་སྐབས་ལ་སྨན་རིན་སྤྲོད་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་སྟངས་ལ་ཞིབ་འཇུག་གནང་སྟེ། བཙན་བྱོལ་བོད་མི་སྤྱི་ལ་ཁྱབ་པའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འགོ་བཙུགས་པ་དང༌། ལས་གཞི་དེའི་ནང་ཞུགས་མཁན་ཚོ་འདི་ལོའི་ཕྱི་ཟླ་བཞི་པའི་ཚེས་གཅིག་ནས་འཕྲོད་བསྟེན་ལྷན་ཁང་དང་འབྲེལ་བ་ཡོད་པའི་རྒྱ་གར་སྨན་ཁང་ཁག་ཏུ་བསྟེན་གཏུགས་བྱ་ཆོག་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། འོན་ཀྱང་ལས་གཞི་དེའི་ནང་ཞུགས་མཁན་གང་ཞིག་ཛ་དྲག་གི་ནད་མནར་བྱུང་བའི་སྐབས་ཐོག་མར་ས་གནས་སོ་སོའི་ནང་དུ་ཡོད་པའི་འཕྲོད་བསྟེན་ལྷན་ཁང་གི་ཁྱབ་ཁོངས་སྨན་ཁང་ཁག་ཏུ་བསྟེན་གཏུགས་བྱས་ཏེ་ཕན་ནུས་མ་ཐོན་པའི་སྐབས་རྒྱ་གར་སྨན་ཁང་དུ་བསྟེན་གཏུགས་བྱ་ཆོག་པ་དང༌། དེ་མིན་གྱི་མོ་ཊ་བརྡབ་སྐྱོན་སོགས་སྲོག་ལ་ཉེན་ཀ་ཆེ་བའི་ཛ་དྲག་སྐབས་ཐད་ཀར་རྒྱ་གར་སྨན་ཁང་དུ་བསྟེན་གཏུགས་བྱ་ཆོག་གི་ཡོད་པའི་སྐོར་དང༌། ད་ལྟ་བར་དུ་འཕྲོད་བསྟེན་ལྷན་ཁང་གི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ནང་ཞུགས་མཁན་བོད་མིའི་གཞིས་ཆགས་ཁག་༣༣ ནས་མི་གྲངས་ལྔ་སྟོང་ཉིས་བརྒྱ་བྱུང་ཡོད་པ་དང༌། ཁོང་རྣམས་རྒྱ་གར་གྱི་སྨན་ཁང་ཁག་༤༦ ནང་སྨན་བཅོས་བསྟེན་གཏུགས་བྱ་ཆོག་གི་ཡོད་ཅིང༌། འོན་ཀྱང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ནང་མ་ཁྱབ་འགའ་ཤས་ཡོད་པ་ནི། ཆང་རག་དང༌། དུག་རྫས་རིགས་འཐེན་པ་དང༌། དོན་མེད་འཁྲུག་རྩོད་རྒྱབ་པ། སྐྱེ་འགོག་གི་སྨན། ལུས་པོར་མཛེས་བཟོ་བྱེད་པ། དོན་མེད་སྨན་གྲོན་འཕར་མ་གཏོང་བ་སོགས་ཁག་ཅིག་ཡོད་པའི་སྐོར་གསལ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎