རྡ་སར་ཡེ་ཤུའི་བླ་ཆེན་ཀྲུ་ཀྲུ་མཆོག་ལ་དགའ་བསུ།

བོད་མི་དང་ཡུལ་མི་མཉམ་རུབ་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་ལ་བླ་ཆེན་ཀྲུ་ཀྲུ་མཆོག་ལ་ཕེབས་བསུའི་དགའ་སྟོན་རྒྱས་པོ་ཞུས་འདུག

2012.02.10

༄༅༎༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཐག་ཉེ་པོ་ཡོད་པའི་བོད་ཀྱི་གྲོགས་པོ་ ལྷོ་ཨབ་རི་ཀའི་ཡེ་ཤུའི་བླ་ཆེན་ གྲེས་མན་ཀྲུ་ཀྲུ་མཆོག་ཁ་ས་བཞུགས་སྒར་རྡ་རམ་ས་ལར་ཆེད་མངགས་༧གོང་ས་མཆོག་མཇལ་ཁར་ཕེབས་ཡོད་པ་དང་ ༧སྤྱི་ནོར་༧གོང་ས་མཆོག་གིས་དབུས་ བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་དང་ བཀའ་བློན་ཁྲི་པ་དང་ བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་ནས་  ཡི་ཤུའི་བླ་ཆེན་མཆོག་དང་ཁོང་གི་སྐུ་འཁོར་རྣམས་ལ་ག་གྷལ་གནམ་ཐང་དུ་སྣེ་ལེན་ཞུས་ཡོད་པ་དང་ དེ་ནས་རྗེས་སུ་ས་གནས་བོད་མི་དང་ཡུལ་མི་མཉམ་རུབ་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་ལ་བླ་ཆེན་ཀྲུ་ཀྲུ་མཆོག་ལ་ཕེབས་བསུའི་དགའ་སྟོན་རྒྱས་པོ་ཞིག་ཞུས་ཡོད་པ་རེད་
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་ཀྲུ་ཀྲུ་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱི་གསུང་བཤད་ནང་ ང་ཚོར་དེ་རིང་དེར་འཛམ་གླིང་ནང་རླབས་ཆེན་གྱི་མི་སྣ་ཞིག་ལ་སྣེ་ལེན་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་ ཁོང་གི་མཛདརྗེས་འདི་མཐའ་ཡས་པ་ཞིག་ཡིན་པ་དང་ ཁོང་ནི་རང་གི་སྐུ་ཚེ་ཧྲིལ་པོའི་རིང་གཞན་ཕན་ཁོ་ན་གཙོ་བཟུང་གིས་ཕྱག་ལས་གནང་མཁན་ཞིག་ཡིན་པ་ངོ་སྤྲོད་གནང་ཡོད་པ་རེད་
ཡང་སྤྱི་ནོར་༧གོང་ས་མཆོག་གིས་ ཁོང་ནས་ལྷོ་ཨབ་རི་ཀའི་ནང་ཐོག་མར་ ལྷོ་ཨབ་རི་ཀའི་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་ ནེལ་སེན་མན་གྲེལ་མཆོག་དང་མཉམ་ མང་ཚོགས་ཀྱི་ཁེ་དབང་ལ་འཐབ་རྩོད་གནང་ཡོད་པ་དང་ རྗེས་སུ་ལྷོ་ཨབ་རི་ཀའི་ནང་ མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མེད་པ་བཟོས་ཐུབ་པའི་རྗེས་ མི་རིགས་ཕན་ཚུན་འཆམ་མཐུན་ མཉམ་གནས་འགྲིག་ཆགས་ལ་འགན་འཁུར་གནང་སྟེ་འདྲ་མཉམ་དང་དམངས་གཙོའི་ཁེ་དབང་སོགས་ གཅེས་སྲུང་གནང་མཁན་གཙོ་བོ་ཡིན་པ་གསུངས་ཡོད་པ་རེད་
ཡང་༧གོང་ས་མཆོག་གིས་བླ་ཆེན་ཀྲུ་ཀྲུ་མཆོག་ལ་བོད་མིའི་འཐབ་རྩོད་ནང་ད་ལྟ་དཀའ་སྡུག་ཚད་མེད་ཅིག་འཕྲད་བཞིན་ཡོད་པར་བླ་ཆེན་མཆོག་གི་རྒྱུན་དུ་སྨོན་ལམ་གསུང་འདོན་གྱི་ནང་བོད་མིའི་དཀའ་སྡུག་འདི་སེལ་ཕྱིར་ཐུགས་སྨོན་ཡོང་བའི་བཀའ་གནང་ཡོད་པ་རེད་ ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མྱོང་ཡོད་པའི་འཛམ་གླེང་ནང་ཆེས་མཚན་སྙན་གྲགས་པའི་ལྷོ་ཨབ་རི་ཀའི་ཡི་ཤུའི་བླ་ཆེན་ཀྲུ་ཀྲུ་མཆོག་ནི་༧གོང་ས་མཆོག་ལ་གུས་བརྩི་ཆེན་པོ་ཞུ་མཁན་ཞིག་ཡིན་པ་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད་ 
སྤྱི་ནོར་༧གོང་ས་མཆོག་གིས་ ཁོང་ད་རེས་བཞུགས་སྒར་ལ་ཕེབས་པའི་སྐབས་དེར་ཁ་ས་མཛད་སྒོའི་ཐོག་བླ་ཆེན་མཆོག་ལ་རྣམ་རྒྱལ་མཆོད་རྟེན་ཞིག་ཕྱག་རྟགས་སུ་ཕུལ་ཡོད་པ་དང་ ༧གོང་ས་མཆོག་གིས་འདི་ནི་ཁོང་གི་མཛད་འཕྲིན་མུ་མཐུད་རྒྱས་པའི་རྟེན་འབྲེལ་མཚོན་ཆེད་ ཐུགས་སྨོན་གནང་ཡོད་པ་གསུངས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎