རྡ་སའི་མི་དམངས་ནས་སྐྱེ་རྒུ་མདོར་ཞལ་འདེབས་ཧིན་སྒོར་ས་ཡ་༢།

རྡ་རམ་ས་ལའི་མི་མང་རྣམས་ནས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་མང་ཚོར་གདུང་སེམས་མཉམ་སྐྱེད་ཆེད་ངལ་སེལ་གྱི་རོགས་རམ།

2010.05.13

༄༅༎བཞུགས་སྒར་རྡ་རམ་ས་ལའི་མི་མང་རྣམས་ནས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་མང་ཚོར་གདུང་སེམས་མཉམ་སྐྱེད་ཆེད་ངལ་སེལ་གྱི་རོགས་རམ་རྒྱ་ཆེ་ཞིག་ཕུལ་ཡོད་འདུག

འདི་ཚེས་བཅུ་གཅིག་ཉིན་བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་ཕོག་ནས་བདུན་ཚིགས་བཞི་པའི་མཆོད་འབུལ་རྒྱ་ཆེ་ཞིག་གནང་བ་དང་ཆབས་ཅིག་ས་གནས་ནས་ཞལ་འདེབས་བསྡུ་རུབ་ཞུས་པའི་རོགས་དངུལ་ཧིན་སྒོར་

ས་ཡ་གཉིས་དང་ཕྱེད་ཀ་ཙམ་ཞིག་བྱུང་ཡོད་པ་དེ་དག་དམིགས་བསལ་ཆེད་བཙུགས་བྱས་པའི་བཞི་བཅུ་བཞིའི་ཡུ་ཤུལ་ས་ཡོམ་ངལ་སེལ་ཚོགས་ཆུང་ལ་བཀའ་བློན་ཁྲི་པ་མཆོག་གི་ཕྱག་ནས་གསོལ་བསྩལ་གནང་ཡོད་འདུག

བཞུགས་སྒར་གྱི་ས་གནས་བདེ་དོན་ལས་ཁུངས་ནས་རྡ་སའི་ཁུལ་གྱི་མང་ཚོགས་དང་། ལས་ཁུངས་ཁག། ཚོགས་པ་སྐྱིད་སྡུག། དགོན་སྡེ་གྲྭ་ཚང་བཅས་ནས་ཞལ་འདེབས་བསྡུ་རུབ་ཞུས་པ་ཞིག་ཡིན་པ་རེད། སྐབས་དེར་བཀའ་བློན་ཁྲི་པ་མཆོག་གིས། རྒྱ་ནག་གཞུང་དང་མི་མང། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མི་ཚོར་གོད་ཆགས་བྱུང་བར་གདུང་སེམས་མཉམ་སྐྱེད་གནང་བ་དང་། རྒྱ་ནག་གཞུང་གི་འགོ་འཁྲིད་ཚོ་དངོས་སུ་ས་གནས་སུ་ཕེབས་ནས་བོད་མི་ཚོར་རོགས་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ། དེ་བཞིན་ས་གནས་གང་ས་ནས་བོད་མི་དགེ་འདུན་པ་དང་། མི་མང་ཚོས་འཕྱར་གྲུ་མཉམ་འདེགས་ཀྱིས་དངོས་སུ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག། ལྷག་པར་དུ་དེ་སྔ་ཟི་ཁྲོན་གྱི་ས་ཡོམ་སྐབས་དང་མི་འདྲ་བར་རྒྱ་ནག་གི་འགོ་འཁྲིད་ཚོས་ཕྱི་རྒྱལ་ནས་བོད་མི་རོགས་རམ་བྱེད་མཁན་ཚོར་གཞུང་ཚབ་ཁག་ནས་མཐུན་འགྱུར་རོགས་རམ་བྱེད་ནས་ས་གནས་སུ་ཡོང་ཆོག་རྒྱུའི་ཆོག་ཆན་སྤྲོད་དགོས་ལུགས་གསུངས་པར་ཡང་དམིགས་བསལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཆབས་ཅིག་དེ་ལྟར་དངོས་སུ་ལག་ལེན་འཁེལ་ཐབས་བྱུང་ན་བོད་མིའི་ངོས་ནས་ཀྱང་ས་གནས་རང་ལ་རོགས་རམ་བྱེད་རྒྱུ་ཡིན་ལུགས་སོགས་བཀའ་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎