བཞུགས་སྒར་དུ་དེང་དུས་བོད་ཀྱི་རི་མོའི་ཚོང་ཁང་སྒོ་ཕྱེས་འདུག

བཞུགས་སྒར་རྡ་རམ་ས་ལའི་མེཀ་ལོ་ཌི་གནྗ་རུ་དེང་དུས་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་འགྲེམས་ཚོང་ཁང་ཞིག་ཁེ་ས་སྒོ་འབྱེད་གནང་འདུག།

2010.04.03

༄༅༎བཙན་བྱོལ་ནང་གནས་ཞུགས་བོད་རིགས་བཀྲིས་ལགས་དང་ཨ་མི་རི་ཀའི་ནས་ཤར་ཨེ་ཤི་ཡའི་ཞིབ་འཇུག་སློབ་གཉེར་ཐོན་པའི་ཕྱི་རྒྱལ་བ་སའ་ར་གཉིས་བཟུང་འབྲེལ་གྱི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལའི་མེཀ་ལོ་ཌི་གནྗ་རུ་དེང་དུས་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་འགྲེམས་ཚོང་ཁང་ཞིག་ཁེ་ས་སྒོ་འབྱེད་གནང་འདུག།

བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་བཞིན་འཚོ་གནས་བྱས་པ་ཙམ་མ་ཡིན་པར།

དངོས་སུ་འཕེལ་རྒྱས་འགྲོ་བཞིན་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་བྱེད་བཞིན་ཡོད་པར་བརྟེན་དབྱིན་སྐད་དུ་པིཀ་ཨ་ཀྲི་ཞེས་རི་རྩེ་སྒྱུ་རྩལ་འགྲེམས་ཚོང་ཁང་དེ་སྒོ་འབྱེད་གནང་ཡོད་པའི་སྐོར་བོད་པའི་རིག་གཞུང་ཁྱབ་སྤེལ་གནང་རྒྱུའི་དམིགས་ཡུལ་གཅིག་མཚུངས་འཛིན་མཁན་བཀྲིས་ལགས་དང་སའ་ར་གཉིས་ཀྱིས་འགྲེལ་བརྗོད་གནང་འདུག།

བཀྲིས་ལགས་ཀྱིས་རི་རྩེ་སྒྱུ་རྩལ་འགྲེམས་ཚོང་ཁང་དེས་གཙོ་བོ་བོད་པའི་དེང་དུས་རི་མོའི་སྒྱུ་རྩལ་བ་ཚོས་བྲིས་གནང་བའི་རི་མོ་ཁག་ཚོང་འགྲེམས་གནང་བའི་བརྒྱུད་བོད་རིགས་སྒྱུ་རྩལ་བ་ཚོ་རང་ཉིད་ཀྱི་སྒྱུ་རྩལ་གོང་འཕེལ་བཏང་བ་དང་ཆབས་ཅིག་རང་ཁ་རང་གསོ་ཐུབ་པའི་ཆ་རྐྱེན་ཞིག་སྐྲུན་གནང་ཡོད་སྐོར་གསུངས་བཞག།

ཁ་ས་གོང་ཞུས་འགྲེམས་ཚོང་ཁང་དེའི་སྒོ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་ནང་འཚོ་གནས་གནང་བཞིན་པའི་དེང་དུས་རི་མོའི་སྒྱུ་རྩལ་ལ་མཁས་པ་བོད་རིགས་ན་གཞོན་བཞིས་བྲིས་གནང་བའི་དེང་དུས་རི་མོ་མི་འདྲ་བ་ཁག་༡༤ཙམ་ཞིག་འགྲེམས་སྟོན་གནང་འདུག། རི་མོ་བྲིས་གནང་མཁན་བཞི་པོ་དེ་རྣམས་ནི་གུང་ལོ་༢༥ཡིན་པའི་བསྟན་འཛིན་གྲགས་པ་ལགས་དང༌། གུང་ལོ་༣༦ཡིནཔའི་བློ་བཟང་རྡོ་རྗེ་ལགས། ཡང་ལོ་༢༦ལ་སླེབས་པའི་བསྟན་འཛིན་དགའ་བ་ལགས་དང།ལོ་༢༨ཡིན་པའི་བསོད་ནམ་དབང་ཕྱུགས་ལགས་བཅས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎