རྒྱ་ནག་ནས་ཐའེ་ལྦན་བར་ཐད་ཀའི་གནམ་གྲུ་ཕུར་བསྐྱོད་བྱས་པ།

རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་དབུས་ཧེ་ནན་ཞིང་ཆེན་ནས་ཐའེ་ལྦན་བར་དུ་ཐད་ཀའི་གནམ་གྲུ་དངོས་སུ་ཕུར་བསྐྱོད་བྱས་ཡོད་པ་རེད།

2009.02.08

༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་དབུས་ཧེ་ནན་ཞིང་ཆེན་ནས་ཐའེ་ལྦན་བར་དུ་ཐད་ཀའི་གནམ་གྲུ་དངོས་སུ་ཕུར་བསྐྱོད་བྱས་ཡོད་པ་རེད།

འགྲུལ་སྐྱེལ་གནམ་གྲུ་དེའི་ནང་འགྲུལ་པ་མི་གྲངས་བརྒྱ་དང་སུམ་ཅུ་བླུགས་ཏེ་རེས་གཟའ་ཉི་མའི་སྔ་དྲོའི་ཚོུད་བརྒྱད་དང་སྐར་མ་བཅུའི་ཐོག་རྒྱ་ནག་གི་ཧེན་ཨན་ཞིང་ཆེན་གྱི་གྲོང་ཁྱེར་ཀྲེང་ཀྲུའོ་ཡི་རྒྱལ་སྤྱིའི་གནམ་ཐང་ནས་ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་ལ་ཐད་ཀར་ཕུར་བསྐྱོད་བྱས་ཡོད་ཅིང་གྲོང་ཁྱེར་ཀྲེང་ཀྲུའོ་ནང་ཡོད་པའི་ཐའེ་ལྦན་གྱི་ཁེ་གཉེར་ལས་ཁང་གི་འགོ་ཁྲིད་ལྦང་རེང་ཧྲེང་གིས་རྒྱ་ནག་གི་གྲོང་ཁྱེར་ཀྲེང་ཀྲུའེ་ནས་རྒྱལ་ས་ཐའེ་ཕེ་བར་གྱི་ཐད་ཀའི་མཁའ་ལམ་སྒོ་མོ་འབྱེད་ཐུབ་པ་དེ་ཡིས་གྲོང་ཁྱེར་དེ་གཉིས་བར་གྱི་ལམ་ཐག་ཉེ་རུ་ཕྱིན་པ་དང་ཕྱོགས་གཉིས་བར་འགྲིམས་འགྲུལ་བྱེད་མཁན་ཚོར་ཡང་དུས་ཚོད་ཀྱི་ཁྱད་པར་ཆེན་པོ་བྱུང་བ་དང་ལྷག་པར་དུ་མཚོ་ཁག་གཉིས་ཀྱི་མི་དམངས་ལ་ཁེ་ཕན་སྐྲུན་པ་ཞིག་དང་ཐའེ་ལྦན་ཕྱོགས་ནས་རྒྱ་ནག་ནང་ཚོང་ལས་ཀྱི་དཔལ་འབྱོར་མ་རྩ་འཛུགས་འཇོག་བྱ་རྒྱུར་སྟབས་བདེ་དང་མཐུན་འགྱུར་སྐྲུན་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གི་ཧེན་ཨན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་རུས་མིང་སུང་ཞུན་ཨན་ཐའོ་ཡིས་ཕྱོགས་གཉིས་བར་ལ་རིག་གཞུང་སྤེལ་རེས་དང་ལྷག་པར་དུ་ཉེ་བའི་ལོ་ཤས་ནང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་འཕེལ་རྒྱས་འགྲོ་བཞིན་པ་སྔར་བས་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཤད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎