བལ་ཡུལ་དམག་མིའི་ཆ་རྐྱེན་མ་ཚང་བ་རྣམས་ཕྱིར་ལོག་གཏང་རྒྱུ།

དེ་སྔོན་མའོ་གྱེན་ལོག་ཤོག་ཁག་ནང་གི་དམག་མི་ཁྲོད་ནས་དམག་ཁོངས་སུ་ཞུགས་པའི་ཆ་རྐྱེན་མ་ལོན་པའི་དམག་མི་རྣམས་ཕྱིར་ལོག་གཏང་རྒྱུ།

2009.10.11

༄༅༎བལ་ཡུལ་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་སྔོན་མའོ་དམར་ཤོག་གྱེན་ལོག་ཤོག་ཁག་ནང་གི་དམག་མི་ཁྲོད་ནས་དམག་ཁོངས་སུ་ཞུགས་པའི་ཆ་རྐྱེན་མ་ལོན་པ་དཔེར་ན་ཕྲུ་གུ་ལོ་ཚད་མ་ཟིན་པ་དམག་མིའི་ནང་བཅུག་པའི་རིགས་གཞུང་གིས་ཁྱིམ་ཚང་ངམ་སྤྱི་ཚོགས་ཐོག་ཕྱིར་ལོག་གཏོང་བའི་ལས་དོན་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།

བལ་ཡུལ་གཞུང་གིས་མའོ་དམག་མི་རྙིང་པ་འཕྲལ་སེལ་སྡོད་སྒར་ཏུ་བཞག་པ་ནས་མུ་མཐུད་འཕྲལ་སེལ་སྡོད་སྒར་དུ་དམག་མི་རྙིང་པའི་ཁོངས་སུ་སྡོད་དགོས་པའི་ཆ་རྐྱེན་མ་ཚང་བ་རྣམས་ཕྱིར་ལོག་བྱེད་པའི་ལས་དོན་ཚོགས་ཆུང་དེའི་ནང་དུ་བལ་ཡུལ་གྱི་ཞི་བདེའི་བློན་ཆེན་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ མའོ་གྱེན་ལོག་ཤོག་ཁག་གི་དམག་སྤྱི་གཞོན་པ་སོགས་ཡོད་ཅིང་ཁོང་རྣམས་ཀྱིས་དམག་མི་ཕྲུ་གུ་རྣམས་ཕྱིར་ལོག་གཏང་རྒྱུའི་ལས་དོན་གྱི་ཆེད་དུ་རེས་གཟའ་ཉི་མའི་ཉིན་བལ་ཡུལ་དབུས་སུ་ཡོད་པའི་མའོ་དམག་མི་རྙིང་པའི་འཕྲལ་སེལ་སྡོད་སྒར་ཨང་གཉིས་པར་འཚམས་འདྲིར་བསྐྱོད་ཡོད་པ་རེད། བལ་ཡུལ་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་དྲགུ་ནས་མའོ་དམག་མིའི་ཁོངས་སུ་ཞུགས་ཆོག་པའི་ཆ་རྐྱེན་མ་ཚང་བའི་གནས་སྟངས་ཞིབ་འཇུག་བྱས་པ་བརྒྱུད་དམག་ཁོངས་སུ་ལོ་ཚད་མ་ཟིན་པའི་ཕྲུ་གུ་བཞི་སྟོང་ལྷག་ཙམ་ཡོད་པ་ཤེས་རྟོག་བྱུང་ཡོད་ཅིང་བལ་ཡུལ་གཞུང་ཕྱོགས་ཀྱི་འཆར་ཆར་གཞིའི་ནང་དུའང་མའོ་དམག་ཁོངས་སུ་ཡོད་པའི་ཕྲུ་གུ་ལོ་ཚད་མ་ཟིན་པ་རྣམས་ཕྱིར་ལོག་གཏོང་རྒྱུ་སོགས་ཁོང་ཚོའི་སྔར་གྱི་གནས་སྟངས་བསྐྱར་གསོ་བྱ་རྒྱུའི་ལས་དོན་དེ་ནི་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་ཆ་ཚང་བ་མཇུག་སྒྲིལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎