བལ་ཡུལ་དུ་ཉེན་རྟོག་པས་བོད་མི་ལྔ་བཅུ་ཙམ་འཛིན་བཟུང༌།

བལ་ཡུལ་ཉེན་རྟོག་པས་རེས་གཟའ་མིག་དམར་ཉིན་བོད་མི་ལྔ་བཅུ་ང་གྲངས་ཤིག་འཛིན་བཟུང་བྱས་ཡོད་པ་རེད།

2011.11.01

༄༅༎དེ་རིང་བལ་ཡུལ་ནང་གི་བོད་མི་ཚོས་བར་ལམ་བོད་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་མཁན་ཚོར་གདུང་སེམས་ཉམས་བསྐྱེད་ཀྱི་ལས་འགུལ་སྤེལ་བར་བརྟེན་ནས་བལ་ཡུལ་ཉེན་རྟོག་པས་བོད་མི་ལྔ་བཅུ་ང་གྲངས་ཤིག་འཛིན་བཟུང་བྱས་ཡོད་པ་རེད།
དེ་ཡང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང། འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་གྱི་ཁུལ་གྱི་བོད་ཀྱི་ཨ་མདོ་རྔ་པ་དང་དཀར་མཛེས་ཁུལ་དུ་དགེ་འདུན་པ་དང་མི་སྐྱ་ཁྱོན་དགུ་དང༌། བཙུན་མ་གཅིག་གིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང༌། བོད་ནང་གི་བོད་མི་ཚོའི་ང་ཡ་བའི་གནས་སྟངས་ལ་གདུང་སེམས་ཉམས་བསྐྱེད་ཆེད་དེ་རིང་བལ་ཡུལ་ནང་གི་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་རྒྱལ་ས་ཀ་ཐ་མན་གྲུའི་ཉེ་འཁྲིས་དགོན་པའི་ནང་འདུ་འཛོམས་ཀྱིས་ཆོས་འབུལ་སྨོན་ལམ་ཚོགས་པ་དང༌། འོན་ཀྱང་བལ་པོའི་ཉེན་རྟོག་པ་ཁག་ཅིག་གིས་བོད་མི་བརྒྱ་ཕྲག་འགའ་ཤས་ཤིག་དགོན་པར་ཆོས་འབུལ་བྱེད་དུ་མ་བཏང་བར་བཀག་འགོག་ཀྱང་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།  བལ་ཡུལ་དུ་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཚེ་དབང་སྒྲོན་མ་ལགས་ཀྱིས་ཕེ་རན་སི་གསར་འགོད་པར་འགྲེལ་བརྗོད་གནང་བར་གཞིགས་ན། དེ་རིང་དགོན་པར་ཆོས་འབུལ་གྲུབ་ཏེ་དགོན་པ་ནས་ཕྱིར་ཐོན་ཡོང་བའི་སྐབས་བོད་མི་ལྔ་བཅུ་ལྔ་གསུམ་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང༌། དེའི་ནང་དུ་བེུད་༣༥ དང་སྐྱེས་པ་༡༧ ཡོད་པའི་ཁོངས་སུ་ཁོ་རང་ཡང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ཕེ་རན་སི་གསར་འགོད་པས་སྐབས་དེར་དངོས་སུ་མཐོང་བའི་གནས་ཚུལ་གསུང་པའི་ནང་། སྐབས་དེར་དགོན་པའི་ནང་ཆོས་འབུལ་སྨོན་ལམ་ཚོགས་པའི་རིང་ཉེན་རྟོག་པ་བཅུ་གྲངས་འགའ་ཤས་ཤིག་དགོན་པའི་མཐའ་སྐོར་དུ་འགྲེམས་འཇོག་བྱས་ཏེ་བལྟ་རྟོགས་བྱེད་པ་དང༌། ཉེན་རྟོག་པ་ཁག་ཅིག་གིས་བོད་མི་རྣམས་དགོན་པའི་ནང་དུ་མ་བཏང་བར་བཀག་ནས་བསྡད་པ། ཡང་ཉེན་རྟོག་པ་འགའ་ཤས་ཤིག་གིས་ཐོག་ནས་འཛེགས་ཏེ་དགོན་པའི་ནང་དུ་འཛུལ་ཏེ་སྐུ་མདུན་གྱི་སྐུ་པར་དང༌། རང་ལུས་མེ་བསྲེག་བཏང་མཁན་བོད་མིའི་ཚོའི་འདྲ་པར་རྣམས་བཙན་འཕྲོག་བྱས་ཡོད་པ་དང༌། སྐབས་དེར་བེུད་དང་སྐྱེས་པ། བོུ་ལོ་ཆུང་ཁག་ཅིག་གིས་ཉེན་རྟོག་པའི་ལག་ནས་ཚུར་ལེན་ཐབས་བྱས་པའི་གནས་ཚུལ་བྱུང་བ་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎